ཀྲོའུ་ཡུང་་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ།

དཔའ་བརྟན་རྒྱལ།    ཞིན་ཧྭ་གསར་འགྱུར་དྲ་བ།    2012-10-18

ཀྲོའུ་ཡུང་་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ།

ཟླ་བཅུ་བའི་ཚེས་བཅུ་བཞི་ཉིན། ཀྲིག་ཡང་ཁང་གིས་ཁྲིན་ཏུའུ་གྲོང་ཁྱེར་ཅིན་ཅང་སྡོད་ཁུལ་ལིན་ཞིན་སྲང་ལམ་གྱི་གེག་མེད་འབོད་སྐྱོབ་ལྟེ་གནས་ནས་རྒན་གསོར་ཆེད་ལས་རང་བཞིན་གྱི་ཞབས་ཞུ་སྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

ཀྲོའུ་ཡུང་་ཁང་གིས་སི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པ།

ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན། ཀྲིག་ཡུང་ཁང་གིས་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཚོམས་ཁང་ནས་ཁྲིམས་འཛིན་བཅོས་བསྒྱུར་དང་དྲང་བདེན་ལ་འགན་སྲུང་བྱེད་པ། མི་དམངས་ལ་ཞབས་ཞུ་སྒྲུབ་པ་སོགས་ཐད་ཀྱི་བྱེད་ཐབས་དང་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་བཞིན་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཚེས་བཅུ་བཞི་དང་བཅོ་ལྔ་ཉིན་གཉིས་ལ་ཟི་ཁྲོན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་བསུ་བ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིར་བྱེད་རྒྱུུ་བརྗོད་དོན་གཙོ་བོར་བཟུང་ནས། གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་དུ་བཏང་སྟེ། འབྱོར་ཕྱུག་དང་དམངས་གཙོ། འཆམ་མཐུན་བཅས་ཀྱི་ཟི་ཁྲོན་གསར་བ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་འོད་སྟོང་འབར་བའི་རྣམ་པ་གསར་བ་ཞིག་བསྐྲུན་པར་འབད་བརྩོན་བྱེད་དགོས་ཟེར། ཀྲིག་ཡུང་ཁང་འཁོར་དང་བཅས་པ་ཐོག་མར་ཧྥུའུ་ཐུང་སྡེ་ཚོགས་ཚན་རྩལ་གླིང་དུ་སོང་། དེ་ནི་ནུབ་རྒྱུད་ས་ཁུལ་གྱི་ཆེས་ཆེ་བའི་འོད་འཕྲིན་ཐོན་རྫས་ཞིབ་འཇུག་དང་གསར་བཟོ་བྱེད་སའི་རྟེན་གཞི་ཡིན། ཀྲིག་ཡུང་ཁང་ཁེ་ལས་འཁོར་ཁང་ལ་སོང་ནས་ཐོན་རྫས་ཀྱི་ཤེས་བྱའི་ཐོན་དབང་དང་ཐོན་སྐྱེད་ཕྱིར་འཚོང་། ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས། ཁོས་ཁེ་ལས་ཀྱི་འགན་ཁུར་མི་སྣར་བཤད་རྒྱུར། འོད་འཕྲིན་ཐོན་ལས་ནི་ཉི་འོད་ཀྱི་ཐོན་ལས་ཤིག་ཡིན་ལ། ལག་རྩལ་དང་ཐོན་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པ་དང་རྒྱུན་ཆད་མེད་པར་རང་བདག་གསར་སྤེལ་གྱི་ནུས་པ་མཐོར་འདེགས་སུ་བཏང་ནས། ཐོན་འཕེལ་རྒྱས་ཀྱི་མཐོ་ཚད་དུ་སླེབས་པར་འབད་བརྩོན་བྱེད་དགོས་ཟེར།

ཟི་ཁྲོན་གྱི་སྲིད་ཁྲིམས་བྱ་བ་དང་སྲིད་ཁྲིམས་དཔུང་སྡེའི་འཛུགས་སྐྲུན་ནི་ཀྲིག་ཡུང་ཁང་གིས་ཐེངས་འདིར་རྟོག་ཞིབ་བྱེད་པའི་གཙོ་གནད་རེད། ཁྲིན་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ནས་ཀྲིག་ཡུང་ཁང་གིས་ཁྲིན་ཏུའུ་ཡི་སྤྱི་བདེ་བྱ་བ་མཚོན་པའི་འགྲེམ་བྱང་དང་ཆེད་དོན་བརྙན་རིས་ལ་གཟིགས་པ་དང་བརྙན་རིས་མ་ལག་བརྒྱུད་དེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཉེན་རྟོག་པར་ཁ་བརྡ་བྱས། ཁོས་བཤད་རྒྱུར། ཁྲིན་ཏུའུ་གྲོང་ཁྱེར་གྱི་སྤྱི་བདེ་ལས་བྱེད་པ་ཡོངས་ཀྱིས་ཉེན་ཁ་ཆེ་བའི་འོས་འགན་སྣ་ཚོགས་ལ་ཁ་གཏད་ནས་ནམ་རྒྱུན་མདུན་ཕྱོགས་སུ་ལངས་ཏེ། རྒྱ་ཆེ་བའི་གྲོང་ཁྱེར་སྡོད་དམངས་ཡོངས་ཀྱི་དཀའ་ཁག་སྣ་ཚོགས་ཐག་བཅད་པར་མ་ཟད། བདེ་འཇགས་ཀྱི་ཁྲིན་ཏུའུ་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཟེར།

མཇུག་མཐར་ཀྲིག་ཡུང་ཁང་གིས་ཟི་ཁྲོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་ནན་ཏན་གྱི་སྒོ་ནས་ལག་བསྟར་དངོས་འབེབ་བྱས་ཏེ། ནུབ་རྒྱུད་དཔལ་འབྱོར་སྤྱི་ཚོགས་ཀྱི་མཐོ་གནས་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

  • ལེ་ཚན་སྔོན་མ།:རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་བོད་སྐད་ལེ་ཚན་བཅར་འདྲི་དང་རྩོམ་སྒྲིག་ལས་རིགས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཁ
  • ལེ་ཚན་རྗེས་མ།:ཁམ་ཕུ་ཀྲེ་རྒྱལ་ཁབ་ཀྱི་སྔོན་ཆད་ཀྱི་རྒྱལ་བོ་ཞི་ཧཱ་ནོའུ་ཁི་སྐུ་གཤེགས་པ།
  • དོ་སྣང་ཆེ་བའི་རྩོམ།