མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-10-08
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧི་ཅན་ཀྲུང་གིས་བཤད་རྒྱུར། ཚེས་བཞིའི་ཉིན་བར་དུ། རྒྱལ་ཡོངས་ཀྱི་བགྲོད་ལམ་སྟེང་འགྲུལ་བ་སྐྱེལ་ཚད་མི་ཐེངས་དུང་ཕྱུར་བཞི་དང་ས་ཡ་བཞི་ལས་བརྒལ་ཏེ། ན་ནིང་གི་དུས་མཉམ་ལས་ཆེས་ཆེར་ཇེ་མང་དུ་སོང་། ལྷག་པར་དུ་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ཏེ་ཟླ་མཆོད་ངལ་གསོའི་གཟའ་འཁོར་གྱི་ཉིན་དང་པོར། རྒྱལ་ཡོངས་ཀྱི་བགྲོད་ལམ་སྟེང་འགྲུལ་བ་སྐྱེལ་འདྲེན་བྱས་ཚད་མི་བྱེ་བ་བརྒྱད་དང་ས་ཡ་ལྔ་འབུམ་དྲུག་ལ་བུད་དེ། དུས་མཉམ་ལས་བརྒྱ་ཆའི་བཅུ་གསུམ་ལྷག་འཕར་ཞིང་། དེའི་རྗེས་ཀྱི་ཉིན་འགར། རྒྱལ་ཡོངས་ཀྱི་བགྲོད་ལམ་སྟེང་ཆ་སྙོམས་ཉིན་རེར་འགྲུལ་བ་བྱེ་བ་བརྒྱད་ཙམ་བསྐྱལ་ཟེར།
ཧི་ཅན་ཀྲུང་གིས་བཤད་རྒྱུར། ཉེ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལམ་དྲ་ལྟེ་གནས་ཀྱི་ལྟ་རྟོག་གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གཙོ་བོའི་འཁོར་སྐྱོད་ཕལ་ཆེར་རྒྱུན་ལྡན་ཡིན་ལ། ཡུལ་ལྗོངས་ཆེན་པོ་སོ་སོར་འགྲོ་བའི་རླངས་འཁོར་ཡང་ཇེ་ཉུང་དུ་སོང་ཡོད་ཟེར།
ལྕགས་ལམ་ཐད་ནས་གནང་བ་བཏང་བའི་ཚུན་ལ་འགྲུལ་བ་ཧ་ཅང་མང་བ་དང་། ངལ་གསོའི་གཟའ་འཁོར་གྱི་ཉིན་དང་པོར་རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་འགྲུལ་བ་སྐྱེད་ཚད་མི་ས་ཡ་དགུ་དང་འབུམ་གཅིག་ཁྲི་བཞི་ལ་བུད་དེ། རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་ཉིན་གཅིག་ལ་འགྲུལ་བ་སྐྱེལ་ཚད་ཆེས་མཐོན་པོར་བསླེབས། དེའི་རྗེས་སུ་ལྕགས་ལམ་སྟེང་འགྲུལ་བ་སྐྱེལ་ཚད་མི་ཐེངས་ས་ཡ་བདུན་གྱི་ཡན་ལ་བུད། ཚེས་བཞི་ཉིན་བར་དུ། རྒྱལ་ཡོངས་ཀྱི་ལྕགས་ལམ་སྟེང་ཟླ་མཆོད་དང་རྒྱལ་སྟོན་ངལ་གསོའི་གཟའ་འཁོར་ནང་འགྲུལ་བ་སྐྱེལ་ཚད་མི་ཐེངས་བྱེ་བ་ལྔ་དང་ས་ཡ་བདུན་ལ་བསླེབས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10