བོད་ལྗོངས་མངའ་རིས་ཀྱིས་གནས་རི་དང་བླ་མཚོའི་ཁོར་ཡུག་སྲུང་སྐྱོང་མ་ལག་བསྐྲུན་རྒྱུ།
(མིག་དམར་གྱིས་བསྒྱུར།) 2012-09-13
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ9པའི་ཚེས5ཉིན་འབྱོར་བའི་གཏམ་གསར།བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྲིད་གཞུང་གིས་ཉིན་སྔར་པེ་ཅིང་ཕིན་ཀུའོ་ཐེབས་རྩ་ཚོགས་པ། བོད་ལྗོངས་ཡུལ་སྐོར་མ་རྐང་ཀུང་སི་བཅས་དང་མཉམ་འབྲེལ་བྱེད་པའི་ཆིངས་ཡིག་བཞག་སྟེ་གན་རྒྱ་འཇོག་པའི་མ་དངུལ་སྒོར་དུང་ཕྱུར6.7ཡིན། སྤྱི་ཕན་ཐེབས་རྩ་ཆེད་དུ་བཙུགས་ནས་ས་གནས་དེ་གའི་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་སྐུལ་འདེད་བྱས་ཏེ།གནས་རི་དང་བླ་མཚོའི་ཁོར་ཡུག་སྲུང་སྐྱོང་མ་ལག་བསྐྲུན་རྒྱུ་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་ཆ་རྐྱེན་མུ་མཐུད་ནས་ལེགས་བཅོས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མངའ་རིས་ས་ཁུལ་ཕྱིན་པའི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་གནས་མཇལ་དུ་ཡོང་མཁན་མི་གྲངས་མགྱོ གས་མྱུར་འཕར་ཡོད། ཡུལ་སྐོར་བ་རྣམས་ཀྱིས་ས་གནས་དེ་གར་དཔལ་འབྱོར་ཡོང་འབབ་ཁྱེར་ཡོང་བ་དང་དུས་མཚུངས་སུ་འགྱིག་ཤོག་དང་དམ་བི་སོགས་དཀར་པོའི་འབགས་བསླད་ཀྱི་དངོས་པོའང་ཁྱེར་ཡོང་བ་རེད། ལྷག་པས་གསར་འགོད་པར་བཤད་རྒྱུར། སྤུ་ཧྲེང་རྫོང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་མ་དངུལ་སྒོར་ཁྲི700ལྷག་བཏང་ནས་གནས་རི་དང་བླ་མཚོ་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་རེད། མིག་སྔར། སྤུ་ཧྲེང་རྫོང་གིས་སྤྱི་ལེ52ཡོད་པའི་གངས་རིན་པོ་ཆེར་གནས་བསྐོར་དང་སྤྱི་ལེ78ཡོད་པའི་མ་ཕམ་གཡུ་མཚོར་བསྐོར་ར་འགྲོ་བའི་ལམ་བུ་རུ་གད་སྙིགས་བླུག་ས30བསྐྲུན་ཏེ་དཀར་པོའི་གད་སྙིགས་དང་རྙིང་དོར་གྱི་གློག་རྫས་སོགས་བསྡུ་ས་བྱས་པ་དང་། གངས་རིན་པོ་གནས་པའི་བ་གར་གྲོང་རྡལ་དུའང་གད་སྙིགས་བསྡུ་ས10གསར་འཛུགས་བྱས་ཡོད་པ་རེད།