ཨ་མདོའི་བོད་ཁུལ་རིག་གནས་པར་ལེན་ཆེད་དོན་ཉིད་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་འགྲེམ་དུས་ཆེན་དུ་མངོན།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-09-07

  ཉེ་ལམ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་དང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོའི་པར་ལེན་པའི་མཐུན་ཚོགས།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་བའི2012ལོའི་གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་དེ་གནའ་མཁར་ཟི་ལིང་གི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་ཚོགས་ཤིང་། མཚོ་ལྷོ་ཁུལ་གྱིས་ཨ་མདོའི་བོད་ཁུལ་རིག་གནས་གཙོར་བཟུང་སྟེ་ཁུལ་ཡོངས་ཀྱི་པར་ལེན་པའི་བརྩམས་ཆོས70ལྷག་བསྡུས་ནས་ཐེངས་འདིའི་པར་འགྲེམ་དུ་ཞུགས།
         གཙང་གསུམ་འབྱུང་ཡུལ་རྒྱལ་སྤྱིའི་པར་ལེན་དུས་ཆེན་ནི་མཚོ་སྔོན་ཞིང་ཆེན་གྱིས་ཉེ་བའི་ལོ་འགའི་ནང་གསར་དུ་བསྐྲུན་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་རྗེས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཟབ་པའི་རིག་གནས་མཚན་བྱང་གཞན་ཞིག་ཡིན་པ་དང་ད་ལྟའི་བར་བདེ་བླག་ངང་ཐེངས་ལྔར་སྤེལ་ཟིན།  མཚོ་ལྷོ་ཁུལ་གྱི་རིག་གནས་ཁྱབ་སྒྲོག་འབྲེལ་འདྲིས་ལམ་བུ་ཆེར་བསྐྱེད་པ་དང་མཚོ་ལྷོ་ཁུལ་ཨ་མདོའི་བོད་ཁུལ་རིག་གནས་ཀྱི་ཕྱི་ཕྱོགས་ཤུགས་རྐྱེན་དྲག་ཏུ་གཏོང་བར། ད་ལོར་མཚོ་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཏེ་ཐེངས་འདིའི་པར་འགྲེམ་དུས་ཆེན་དུ་མཚོ་ལྷོ་ཁུལ་ཨ་མདོའི་བོད་ཁུལ་རིག་གནས་ཞེས་པའི་ཆེད་དོན་པར་རིས་བརྩམས་ཆོས་འགྲེམ་ཁུལ་བཙུགས་པ་མ་ཟད། ཁུལ་ཡོངས་སུ་པར་རིས་བརྩམས་ཆོས་བསྡུས་ཤིང་། བརྩམས་ཆོས500ལས་བརྩམས་ཆོས110ལེགས་འདེམ་བྱས་ཏེ་འགྲེམ་སྟོན་དུ་སྤཻལ། བརྩམས་ཆོས་འདི་དག་གིས་མཚོ་ལྷོའི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་ཀྱི་འགྱུར་བ། མི་རིགས་ཀྱི་འཚོ་རྣམ། གྲོང་དང་གྲོང་རྡལ་གྱི་འགྱུར་ལྡོག་གསར་བ་སོགས་ཡོངས་སུ་མངོན་ལ། འདི་ནི་མཚོ་ལྷོ་ཁུལ་གྱིས་ལོ་རེ་རེའི་པར་འགྲེམ་དུས་ཆེན་དུ་པར་འགྲེམ་བྱས་པ་ཆེས་མང་བའི་ཐེངས་ཤིག་དང་། མཚོ་ལྷོ་ཁུལ་པར་ལེན་ཁྱབ་ཁོངས་ཀྱི་འཕོ་འགྱུར་ཆེན་པོ་ཞིག་ཀྱང་ཡིན།
         མཛད་སྒོའི་ཉིན་དང་པོར། མཚོ་ལྷོའི་ཨ་མདོའི་བོད་ཁུལ་པར་འགྲེམ་ཆེད་དོན་འགྲེམ་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་པར་ལེན་པ་དང་ཞིང་ཆེན་ཕྱི་ནང་གི་པར་ལེན་དགའ་མོས་པ་རྣམས་ཀྱི་ཡིད་དབང་རབ་ཏུ་བཀུག་སྟེ་ཚད་མཐོའི་གདེང་འཇོག་དང་ཁས་ལེན་ཐོབ།
  • ལེ་ཚན་སྔོན་མ།:ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བོད་ཀྱི་བརྩམས་སྒྲུང་བརྩམས་ཆོས་གསུམ་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:སྤྱི་ཚོགས་ཡོངས་ཀྱིས་ལྷ་རི་དང་ལྷ་མཚོར་དོ་སྣང་བྱེད་པར་སྐུལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།