ཆང་ཝེ་དང་ལོ་ཧོས་ཉིན་གྱིས་མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ་བྱམས་བརྩེའི་ངང་ཐུག་འཕྲད་བྱས་པ།

ཀླུ་འབུམ་བྱམས།    མཚོ་སྔོན་གསར་འགྱུར་དྲ་བ།    2012-08-21

ཆང་ཝེ་དང་ལོ་ཧོས་ཉིན་གྱིས་མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ་བྱམས་བརྩེའི་ངང་ཐུག་འཕྲད་བྱས་པ།

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཕྱིར་མཚོ་སྔོན་དུ་ལོག་རྗེས། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གཉིས་ཀྱིས་བརྩེ་བའི་ངང་ནས་ཐུག་འཕྲད་བྱས།
 

ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆང་ཝེ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོ་ཧོས་ཉིན་གཉིས་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་ནས་ཕྱིར་རང་ཡུལ་དུ་ལོག་མ་ཐག་པའི་མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་ལ་བྱམས་བརྩེའི་ངང་ཐུག་འཕྲད་བྱས།

ཆང་ཝེ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ཆོས་དབྱིངས་སྐྱིད་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྟེང་རྒྱལ་ཁ་བླངས་ཏེ་ཕྱིར་ལོག་པར་སྤྲོ་སེམས་འཕེལ་བའི་ངང་ནས་དགའ་བསུ་དང་། ཆོས་དབྱིངས་སྐྱིད་ཀྱིས་སྤྱི་ལེ་ཉི་ཤུའི་བུད་མེད་ཀྱི་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་པར་རྟེན་འབྲེལ་ཞུས། ལོ་ཧོས་ཉིན་གྱིས་ཆོས་དབྱིངས་སྐྱིད་སོགས་ལ་མཚན་སྙན་དཔང་ཡིག་དང་སྒོར་མོའི་བྱ་དགའ་བྱིན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་ཡང་ཐུག་འཕྲད་ལ་ཞུགས།

ཆང་ཝེ་ཡིས་བྱམས་བརྩེའི་ངང་ཆོས་དབྱིངས་སྐྱིད་ལ། ཁྱོད་ནི་མཚོ་སྔོན་ནས་མཚར་ལོངས་བྱུང་བའི་ལུས་རྩལ་པ་ཞིག་ཡིན་ལ། ཐེངས་འདིར་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་ལ་རྒྱ་རེད། འགྲན་བསྡུར་སྟེང་ཁྱོད་ཀྱིས་ཀུན་གྱི་རེ་བ་སྟོང་ཟད་དུ་མ་བཏང་བར་གཞན་ལས་ལྷག་པའི་ནུས་པ་བཏོན་ནས། སྤྱི་ལེ་ཉི་ཤུའི་འདུར་རྒྱུགས་ཀྱི་ཨེ་ཤ་ཡའི་ཟིན་ཐོ་ལས་བརྒལ་བར་མ་ཟད། ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་ཟངས་ཀྱི་རྟགས་མ་བླངས་པའི་བོད་ཀྱི་ལུས་རྩལ་པ་ཐོག་མར་གྱུར། ཁྱོད་ཀྱིས་མེས་རྒྱལ་དང་མཚོ་སྔོན་ལ་ལ་རྒྱལ་བརྩོན་ལེན་བྱས་ཤིང་། བོད་རིགས་སྤུན་ཟླའི་ལ་རྒྱ་བཟུང་ཟེར། ཆང་ཝེ་ཡིས་ཁྱོད་ཀྱིས་གཟེངས་སུ་ཐོན་པའི་གྲུབ་འབྲས་འདི་ལྟ་བུ་བླངས་པ་ནི་རྩལ་ཁྲིད་པའི་མཛུབ་སྟོན་ཞིབ་མོའི་འོག་ཏུ་སྦྱོང་བརྡར་ནན་མོ་དང་དཀའ་སྤྱད་ཀྱིས་སྦྱོང་བརྡར། ཚན་རིག་ལྟར་སྦྱོང་བརྡར་བྱས་པའི་མཇུག་འབྲས་རེད། ཁྱོད་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྟེང་འགྲན་ཡ་ལས་རྣམ་པར་རྒྱལ་བའི་སྤོབས་པ་སོགས་ལས་ན་གཞོན་གུང་ཁྲན་ཏང་མི་དང་སྙིང་རུས་ལྡན་པའི་ན་གཞོན་གྱི་ལང་ཚོ་ངོམས་ཡོད། ཁྱོད་ཀྱི་མཛད་རྗེས་ལས་མཚོ་སྔོན་ནི་དར་རྒྱས་མིན་པའི་ཞིང་ཆེན་ཞིག་ཡིན་ནའང་། ང་ཚོས་སྒོ་འབྱེད་དང་གསར་སྐྲུན། ཡིད་ཆེས་བཅས་ཀྱི་མཚོ་སྔོན་གྱི་འདུ་ཤེས་དང་། གཞན་གྱིས་ཐེངས་གཅིག་འབད་ན་རང་གིས་ཐེངས་བཅུར་འབད་པའི་དངོས་གཉེར་གྱི་སྙིང་སྟོབས། གཅེས་སེམས་མཉམ་སྐྱེས་དང་། བློ་བརྟན་ཞུམ་མེད། དྲིན་འཇལ་བརྩོན་ལེན་སོགས་ཀྱི་ཡུས་ཧྲུའུ་ཡོམ་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་བཅས་ནང་དོན་གཙོ་ཡིན་པའི་མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་ཆེན་པོ་བྱས་ན། དཀའ་བ་སྣ་ཚོགས་ཅིས་ཀྱང་ཁྱད་དུ་བསལ་ནས། གཟེངས་སུ་ཐོན་པའི་གྲུབ་འབྲས་ལེན་ཐུབ་པ་ཡང་གསལ་བཤད་བྱས་ཡོད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྱེད་ལ་སློབ་སྦྱོང་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྟེང་བཏོན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་། འཚོ་བ་གསར་བ་གསར་སྐྲུན་གྱི་དམིགས་ཡུལ་ཆེན་པོ་མངོན་འགྱུར་དང་། རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་སྔོན་སྤེལ་ས་ཁུལ་དང་སྐྱེ་ཁམས་དཔལ་ཡོན་སྔོན་སྤེལ་ས་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བཅས་བསྐྲུན་པའི་ཁུལ་གསུམ་འཐབ་ཇུས་མངོན་འགྱུར་བྱེད་པར་མུ་མཐུད་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་གཏོང་རྒྱུ་ཡིན་ཟེར།

ཆང་ཝེ་ཡིས་ཆོས་དབྱིངས་སྐྱིད་ལ་ང་རྒྱལ་དང་འཚབ་འཚུབ་སྤོང་བ་དང་། མུ་མཐུད་དུ་འབད་བརྩོན་བྱས་ཏེ། གྲུབ་འབྲས་གསར་བ་བསྐྲུན་རྒྱུ་དང་། ཞིང་ཆེན་ཡོངས་ཀྱི་ལུས་རྩལ་འཐབ་ཕྱོགས་དང་སྒོས་སུ་རྒྱ་ཆེའི་རྩལ་ཁྲིད་པ་དང་ཤན་འབྱེད་པས་ཆོས་དབྱིངས་སྐྱིད་མིག་དཔེར་འཛིན་པ་དང་། དཀའ་སྤྱད་ཀྱིས་སྦྱོང་བརྡར་བྱས་ཏེ། མེས་རྒྱལ་ལ་ལ་རྒྱ་བརྩོན་ལེན་བྱེད་པ་དང་མཚོ་སྔོན་ལ་ལ་རྒྱ་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན།

ཆོས་དབྱིངས་སྐྱིད་ཀྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་པའི་ཐུགས་ཁུར་དང་། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པར་མ་ཟད། སྔར་ལས་ལྷག་པའི་སྦྱོང་བརྡར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་ཟེར།

  • ལེ་ཚན་སྔོན་མ།:ཆབ་འགག་རྡོ་རྗེ་ཚེ་རིང་གིས་བོད་ཀྱི་ལོ་ཙཱའི་སྐོར་ནས་བགྲོ་གླེང་འཆད་ཁྲིད་གནང་བ།
  • ལེ་ཚན་རྗེས་མ།:པན་ཆེན་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་པོས་བོད་ལྗོངས་ཀྱི་གྲུབ་མཐའ་སོ་སོའི་དགེ་བཤེས་རྣམས་དང་བཞུགས་མོལ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།