ཀླུ་ཚང་སྨྱུག་གསར། མཚོ་སྔོན་པོ་དྲ་བ། 2012-08-16
མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་
མཐར་ཕྱིན་དཔྱད་རྩོམ་བགྲོ་གླེང་ཡུལ་དངོས།
མགོ་ལོག་ཁུལ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ནི2002ལོར་སྨན་རམས་པ་རྒན་ཚུལ་ཁྲིམས་དར་རྒྱས་ལགས་ཀྱིས་བཙུགས་པའི་བོད་སྨན་ཆེད་སྤྱོད་བྱེད་པའི་སྒེར་ཚུགས་སློབ་གྲྭ་ཞིག་ཡིན། ད་ལྟའི་བར་སློབ་གླིང་འདིར་སློབ་མཐར་ཕྱིན་པའི་སློབ་མ1000ལྷག་ཡོད་ལ་དེའི་ནང་སྤྱི་ཚོགས་སྟེང་དགེ་རྒན་དང་སྒོ་བསྟེན་སྨན་པའི་ལས་སྣེ་ཟིན་ཡོད་པའི་སློབ་མ95%ཡན་ཟིན་ཡོད། ད་ལོའི་ཟླ8པའི་ཚེས6ཉིན། སྐབས་བརྒྱད་པའི་འཛིན་གྲྭའི་མཐར་ཕྱིན་དཔྱད་རྩོམ་གྱི་བགྲོ་གླེང་མཛད་སྒོ་བསྡུས།
འཛིན་གྲྭ་འདིར་ཁྱོན་བསྡོམས་སློབ་མ39ཡོད་པ་དང༌། དེའི་ནང་རྒྱུད་ཆུང་གསུམ་བློར་རྒྱུགས་སྤྲད་པའི་སློབ་མ16ཡོད། སློང་མ་འདི་དག་གིས་ལོ་གསུམ་གྱི་རིང་དཔལ་ལྡན་གསོ་རིག་རྒྱུད་བཞི་གཙོས་བོད་ལུགས་གསོ་རིག་གི་རྩ་འགྲེལ་ཁག་དང་ཀྲུང་ཕྱི་གསོ་རིག་གི་གནད་ཐོག་ལག་ལེན་སྐོར་དང༌། གཞན་རྒྱ་ཡིག་དང་དབྱིན་ཡིག རྩིས་འཕྲུལ་སོགས་ཤེས་བྱ་སྣ་མང་ལ་སྦྱང་བ་མི་དམན་པ་བྱས་ཡོད་པ་མ་ཟད། སློབ་གླིང་གི་རྒྱུན་བཞུགས་དགེ་རྒན་དམ་པ་ཨ་བུ་དཀར་ལོ་མཆོག་གཙོས་རྒན་པ་དམ་པ་རྣམས་དང༌། ཆེད་ཞུས་དགེ་རྒན་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་གོ་འཇོ་དབང་འདུས་མཆོག་དང༌། འཇིགས་མེད་མཐུ་ལྡན་རྡོ་རྗེ་སོགས་དམ་པ་དུ་མ་བརྟེན་ནས་རྒྱུད་འགྲེལ་བཻ་སྔོན་དང་མེས་པོའི་ཞལ་ལུང་སོགས་ཁྲིད་རྒྱུན་ཐོབ་དཀའ་བ་མང་བོའི་དབང་ལུང་མན་ངག་ཆ་ཚང་ཐོབ་པར་བྱས་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10