ཀྲུང་གོའི་འགྲན་མིས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་སུ།།ཨོ་ལིན་ཕིག་ཁེའི་སྙིང་སྟོབས་འཛམ་གླིང་ཁྱོན་ལ་སྤེལ།།

        2012-08-09

སྐབས་སུམ་ཅུ་པའི་ལོན་ཏོན་རྒྱལ་སྤྱིའི་ཨོ་ལིན་ཕིག་ཁེའི་ལུས་རྩལ་འགྲན་ཚོགས་འཚོགས་ནས་ཉིན་བཅུ་ཕྲག་ལྷག་སོང་བ་རེད།དེའི་ཁྲོད་དུ་ཀྲུང་གོའི་ལུས་རྩལ་འགྲན་མི་ཚོས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་སོ་སོར་ཨོ་ལིན་ཕིག་ཁེའི་སྙིང་སྟོབས་ཏེ་ལན་བརྒྱ་ཕམ་ཡང་ཞུམ་པ་མེད་པ་དང་།དཀའ་བརྒྱ་འཕྲད་ཀྱང་ཡ་ང་མེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཡོད་པ་རེད།   ཉིན་བཅུ་ཕྲག་གཅིག་ལྷག་གི་རིང་ལ་གསེར་གྱི་རྟགས་མའི་མིང་རེའུ་ཡི་ཨང་དངོ་པོར་བཟུང་ཡོད།
       ཨོ་ལིན་ཕིག་ལུས་རྩལ་གྱིས་ཡང་སྙིང་དོན་ཅི་ཞིག་མཚོན་ཡོད་པའི་སྐོར་ལ་དཔྱོད་ལྡན་ཁ་ཤས་ཀྱིས་འདི་ལྟར་བཤད་འདུག   ས་ཁུལ་མི་འདྲ་བའི་མི་རྣམས་ཀྱིས་སྔར་བཞིན་ངོས་འཛིན་མི་འདྲ་བ་སྣ་ཚོགས་བྱེད་སྲིད་མོད།  འོན་ཀྱང་དོན་གནད་ཅིག་ལ་ངོས་འཛིན་གཅིག་མཐུན་བྱ་དགོས་པ་སྟེ།  གསེར་གྱི་རྟགས་མ་ནི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཡོད་ཚད་མིན་ལ།  ཨང་དང་པོ་ཐོབ་མིན་དེ་ཡང་གྲུབ་འབྲས་ཐོབ་མེད་ཁ་ཚོན་གཅོད་པའི་ཚད་གཞི་ཉག་གཅིག་མིན་པ་དེ་རེད།  གལ་ཏེ་གསེར་གྱི་རྟགས་མ་འཐོབ་ཐབས་བྱ་རྒྱུའི་བསམ་བློ་ཁོ་ན་བཅངས་པ་དང་།  ཐོན་ཁུངས་དང་བྱེད་ཐབས་མཐའ་དག་དེའི་ཕྱིར་སྤེལ་བ་དེ་ཡང་གོ་བ་ལོག་སྒྲུབ་བྱས་པ་ཞིག་ཡིན་པ་མ་ཟད་ལམ་ལོག་ཏུ་ཕྱིན་པ་ཞིག་ཀྱང་ཡིན།    ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་སྣ་ཚོགས་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད།  ང་ཚོས་མཐོང་དགོས་པ་ནི་རང་རྒྱལ་གྱི་མི་རྣམས་ཀྱིས་ཨོ་རྩལ་འགྲན་ཚོགས་ལ་དོ་སྣང་བྱེད་ཡུལ་ནི་གསེར་གྱི་རྟགས་མ་ཐོབ་གྲངས་དང་ཨང་དང་པོ་ཐོབ་མིན་ཁོ་ན་མིན་པར་གྱུར།  འདི་ནི་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་སོང་བའི་རང་ཤུགས་ཀྱི་འཕེལ་ཕྱོགས་ཡིན་ལ།  དེས་ལུས་རྩལ་སྡེ་ཁག་གིས་སོ་སོ་འཕེལ་རྒྱས་གཏོང་རྒྱུའི་བསམ་ཕྱོགས་ལེགས་སྒྲིག་བྱེད་པར་ཤུགས་རྐྱེན་ཐེབས་ངེས་རེད།  ཨོ་རྩལ་འགྲན་ཚོགས་ནི་ཨོ་ལིན་ཕིག་སྙིང་སྟོབས་དར་སྤེལ་གཏོང་བའི་བཀྲག་མདངས་འཚེར་བའི་མཚན་བྱང་ཡིན་ཞིང་།  དེས་ཨོ་ལིན་ཕིག་སྙིང་སྟོབས་དུས་རྒྱུན་གྱི་འཚོ་བར་སྔར་ལས་ལེགས་པར་སིམ་པར་ཕན་ནུས་ཆེན་པོ་ལྡན་པས།  ཕན་ནུས་འདི་རིགས་མི་མང་པོ་ཞུགས་པ་དང་མི་མང་པོར་ཕན་ཐོབ་པ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་དགོས་ཞེས་བཤད་པ་དེ་ནི་དོན་ལ་གནས་པ་ཞིག་རེད་འདུག་སྙམ་མོ།།
  • ལེ་ཚན་སྔོན་མ།:དགེ་རྒན་ཆེན་མོ་ཏིང་འཛིན་མཆོག་གིས་དེབ་ཆིངས་ལག་ལེན་དམར་ཁྲིད་ཀྱི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།
  • ལེ་ཚན་རྗེས་མ།:2012ལོའི་ལོན་ཏོན་གྱི་ཨོ་ལིན་ལུས་རྩལ་འགྲན་ཚོགས་ཀྱི་ཚེས8བར་གྱི་གསེར་རྟགས་མིང་བྱང་རེའུ་མིག
  • དོ་སྣང་ཆེ་བའི་རྩོམ།