ལྷ་མོ་ཚེ་སྐྱིད། མཚོ་སྔོན་པོ་དྲ་བ། 2012-08-07
འགྲན་བསྡུར་ཡུལ་དངོས་ལ་སླེབས་པའི་འགོ་ཁྲིད་རྣམ་པ།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་ཐེངས་འདིའི་འགྲན་བསྡུར་དཔྱད་འདེམ་ཨུ་ཡོན་རྩ་
འཛུགས་ཀྱི་འགོ་གཙོ་བཀྲ་བྷོ་ལགས་ཀྱིས་གཏམ་བཤད་གནང་བ།
ཟླ8པའི་ཚེས5ཉིན། ཀྲུང་གོའི་དམངས་ཁྲོད་རིག་རྩལ་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། མཚོ་སྔོན་ཞིང་ཆེན་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་དང་མདོ་ལ་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ། མཚོ་སྔོན་ཞིང་ཆེན་རོལ་མོ་བའི་མཐུན་ཚོགས་དང་མདོ་ལ་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཁང་སོགས་ཀྱིས་རོགས་སྒྲུབ་གནང་བའི2012ལོའི་བོད་ཀྱི་ལ་གཞས་འགྲན་བསྡུར་དེ་མདོ་ལ་རྫོང་བཙུན་མོ་དམར་ཡག་མའི་གནས་སྐོར་ས་ཁུལ་དུ་སྤེལ་ཞིང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པའམ་མཚོ་སྔོན་ཞིང་ཆེན་རིག་རྩལ་པའི་མཐུན་ཚོགས་རྒྱུན་ལས་འགོ་གཙོ་གཞོན་པ་བསོད་ནམས་རྡོ་རྗེས་འགྲན་བསྡུར་ལ་མདོ་འཛིན་དང་གྲ་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས།
མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཧུང་ཚེ་ལགས་ཀྱིས་གཏམ་བཤད་གནང་བ།
ཀྲུང་གོའི་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་འགོ་གཙོ་གཞོན་པ་
བསོད་ནམས་རྡོ་རྗེ་ལགས་ཀྱིས་གཏམ་བཤད་གནང་བ།
འབྲེལ་ཡོད་འགོ་ཁྲིད་དང་འགྲན་ཞུགས་པ43དང་། གནས་སྐོར་བ1000ལྷག་གིས་རང་བྱུང་སྐྱེ་ཁམས་རིག་གནས་འདིར་ཡོངས་སུ་རོལ་མྱོང་བྱས་པ་དང་། ཉིན་གཅིག་གི་ཛ་དྲག་འགྲན་བསྡུར་བརྒྱུད་འགྲན་ཞུགས་པ43ལྷག་བདེ་བླག་ངང་བསྐྱར་འགྲན་མཇུག་སྒྲིལ་ཏེ་ཚེས6ཉིན་གྱི་རྟིང་རྩོད་འགྲན་བསྡུར་དུ་ཞུགས།
ཐེངས་འདིའི་འགྲན་བསྡུར་ནི2003ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྐབས་བདུན་ལ་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་ལ་གཞས་འགྲན་བསྡུར་རྨང་གཞིའི་སྟེང་ཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ཞིག་ཡིན།
སི་ཁྲོན་ནས་ཡོང་བའི་འགྲན་ཞུགས་པ།
འདི་ལྟ་བུའི་བྱ་འགུལ་སྤེལ་བ་ནི་བོད་ཁུལ་གྱི་ས་གནས་སོ་སོའི་མི་རིགས་དམངས་ཁྲོད་རོལ་མོའི་འབྲེལ་འདྲིས་དང་འཕེལ་རྒྱས་བྱ་བ། མི་རིགས་དམངས་ཁྲོད་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན། སྔོན་ཐོན་རིག་གནས་འཛུགས་སྐྲུན་བཅས་ལ་སྐུལ་ཞིང་། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་ས་གནས་རིག་གནས་མཚན་བྱང་སྐྲུན་པར་དགེ་མཚན་ཆེན་པོ་ལྡན།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10