མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-08-13

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
ཁྲི་ཀའི་དྲུག་པའི་ལྷ་རྩེའི་ལྷ་གཉིས་མཉམ་འཛོམས་བྱུང་བ།

         ཟླ8པའི་ཚེས9ཉིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་རྫོང་ལྔའི་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་བཅས་ཀྱིས་འགན་སྒྲུབ་གནང་བའི་མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀའི་དྲུག་པའི་ལྷ་རྩེའི་བྱ་འགུལ་ཁྲི་ཀ་རྫོང་དུ་སྤེལ་ཞིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཕུར་བ་དང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་འགོ་གཙོ་གཞོན་པ་ཚེ་རིང་ཐར།  ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའི་འགོ་གཙོ་ཏུང་ཅེ་རིན། དེ་མིན་རྫོང་ལྔའི་འབྲེལ་ཡོད་འགོ་ཁྲིད་གཙོ་བོ་རྣམས་ཐེངས་འདིའི་བྱ་འགུལ་དུ་དངོས་སུ་སླེབས།

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
མདོ་འཛིན་བྱེད་པ།

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
མ་ཎིའི་དབྱངས་རྟ་འཁྲབ་སྟོན།

         མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་ཀྱི་བྱ་འགུལ་འདི་ནི་ཁྲི་ཀའི་སྲོལ་རྒྱུན་དུས་སྟོན་དྲུག་པའི་ལྷ་རྩེ་དང་དུས་མཉམ་གྱིས་སྤེལ་བ་ཡིན་ཞིང་། དྲུག་པའི་ལྷ་རྩེའི་ཤུགས་རྐྱེན་ལ་བརྟེན་ནས་མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱབ་རྒྱ་ཆེར་བསྐྱེད་དེ་མིང་དུ་གྲགས་པའི་རིག་གནས་མཚན་བྱང་བསྐྲུན་པ་དང་། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རིག་གནས་ཐོན་ལས་གང་མང་གི་འཕེལ་རྒྱས་ཐད་སྔོན་སྐུལ་བྱེད་པ་ཡིན།
         བྱ་འགུལ་འདི་གཙོ་བོ་འཁྲབ་སྟོན་དང་། ལག་བཟོའི་སྒྱུ་རྩལ། བཟའ་བཏུང་། རྒྱུན་སྲོལ་བཅས་རིགས་ཆེན་པོ་བཞིར་དབྱེ་ཡོད་ཅིང་། འཁྲབ་སྟོན་དང་འགྲེམ་སྟོན་སོགས་ཀྱི་རྣམ་པར་བརྒྱུད་དེ་རྫོང་ལྔའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ས་ཁོངས་ཁྱད་ཆོས་དང་རང་བྱུང་ཁྱད་ཆོས་ཡོངས་སུ་མངོན་པར་བྱེད།

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
གྱོན་ཆས་མངོན་པ།

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་ཀྲང་ཝུན་ཁོས་ལགས་ཀྱིས་འགྲེམ་ཁུལ་དུ་གཟིགས་མོ་བྱེད་པ།

         ཉེ་བའི་ལོ་འགའི་ནང་།  མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག མཚོ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་བྱ་བར་གྲུབ་འབྲས་མངོན་གསལ་བྱུང་ཡོད། བོད་ཀྱི་ལ་གཞས་དང་སྒྲ་བརྙན་རྡུང་ལེན། མ་ཎིའི་དབྱངས་རྟ།  སྲང་གཞུང་རྩེད་རིག་སོགས་རྣམ་གྲངས་བཞི་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པ་དང་།  བོད་ཀྱི་བཙིར་འགྱིག་དང་ཁྲི་ཀའི་ཤ་འཆམ། མང་རྫོང་གཙགས་དྲུབ། ཐར་ཤུལ་དཀྱིལ་འཁོར། མཚོ་སྔོན་བོད་ཀྱི་ཆང་གཞས། ཁྲི་ཀ་ས་ཁུལ་གྱི་དྲུག་པའི་ལྷ་རྩེ། གཞོན་ནུ་མའི་སྐྲ་ཕབ་པའི་ཆོ་ག་བཅས་ནི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད། མིག་སྔར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ1དང་། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་པ4ཡོད།

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
རྩམ་པ་འཐག་པ།

         འདི་ལྟ་བུའི་བྱ་འགུལ་བརྒྱུད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཐོན་ཁུངས་ཡང་དག་སྒོས་སྔོག་འདོན་བཀོལ་སྤྱོད་དང་།  ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་པ། ས་ཁུལ་བར་གྱི་དམངས་ཁྲོད་སྒྱུ་རྩལ་འབྲེལ་འདྲིས་ཞིབ་འཇུག་དང་རྒྱུན་འཛིན། སྲུང་སྐྱོབ་བཅས་ལ་ཡར་སྐུལ་ཆེན་པོ་ཐེབས་ཤིང་། དེ་མིན་བྱ་འགུལ་འདི་ལས་ས་གནས་མི་རིགས་ཀྱི་ཁྱད་ཆོས་དོད་ཅིང་རིག་གནས་གཏིང་ཟབ་པ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲན་ཤུགས་ཆེ་ཆེར་ལྡན་པའི་མི་རིགས་རིག་གནས་ཀྱི་མཚན་བྱང་གསར་བ་སྐྲུན་པར་རྨང་གཞི་ཆེན་པོ་བཏིངས།

མཚོ་ལྷོ་ཁུལ་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་འཁྲབ་དང་ཁྲི་ཀ་དྲུག་པའི་ལྷ་རྩེའི་བྱ་འགུལ་སྤེལ་བ།
ཡུལ་དངོས་གཟིགས་མོ་བའི་ཟུར་ཞིག

  • ལེ་ཚན་སྔོན་མ།:《ཚལ་གུང་ཐང་གཙུག་ལག་ཁང་གི་དཀར་ཆག》པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ཀྱིས་ལེ་དབར20ཡོད་པའི་འགྲོ་རྩལ་འགྲན་བསྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས་པ་ད
  • དོ་སྣང་ཆེ་བའི་རྩོམ།