༼ བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི ༽ཞེས་པ་འགྲེམ་སྤེལ་བྱེད་ལ་ཉེ།

གཡང་འབུམ་རྒྱལ།    མཚོ་སྔོན་པོ་དྲ་བ།    2012-07-20

 ཟླ7པའི་ཚེས17ཉིན། «བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི»ཞེས་པར་ཆེས་མཐའ་འཇུག་གི་ཞིབ་བཤེར་ལྟ་ཀློག་བྱས། « བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི»ནི2004ལོ་ནས་ཇུས་འགོད་བྱས་ཤིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་ཅིན་ཧྭ་དཔེ་སྐྲུན་ཁང་ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་དུ་བསྐྲུན་པ་རེད།

«བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི»ནི་ཀྲུང་གོའི་མི་རིགས་རང་སྐྱོང་ལྗོངས་སྲིད་གཞུང་སྡོད་གནས་ངོ་སྤྲོད་བྱེད་པའི་ཀུན་འདུས་དཔེ་དེབ་ཐོག་མ་ཡིན་ཞིང་། བོད་ལྗོངས་ཀྱི་ས་གནས་མུ་འབྲེལ་ཀུན་འདུས་དཔེ་དེབ་ཁྲོད་ཀྱི་ཁག་ཅིག་ཀྱང་ཡིན། དཔེ་དེབ་འདིའི་རྒྱུ་ཆ་ནི་གཙོ་བོ«བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ»དང་།« ལྷ་སའི་གནས་བཤད»། དེ་མིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་འདོན་སྤྲོད་བྱས་པའི་རྒྱུ་ཆ་དག་ཡིན།

མཚམས་སྦྱོར་བྱས་པ་ལྟར་ན། «བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི»ཡི་རྩོམ་སྒྲིག་བྱ་བ་ནི2004ལོ་ནས་ཇུས་འགོད་བྱེད་མགོ་བརྩམས་ཤིང་། སྔ་གཞུག་ཏུ་ཐེངས་ལྔ་ལ་ཞུ་དག་བྱས། རྩོམ་སྒྲིག་པུའུ་ཡིས་ལྷ་ས་ཐད་ཀྱི་མ་ཡིག་ཞུ་དག་གི་བསམ་འཆར་བཏོན་པའི་རྨང་གཞིའི་ཐོག་དཔེ་དེབ་ཡོངས་ཀྱི་མི་མིང་དང་ས་མིང་སོགས་གཅིག་གྱུར་བྱས་པ་རེད།

«བོད་ལྗོངས་རིག་གནས་ཀུན་འདུས་དཔེ་དེབ་ལྷ་སའི་པོ་ཏི»ཡི་ནང་དོན་ལ་ལོ་རྒྱུས་དང་། རང་བྱུང་ས་རྒྱུས། ས་མིང་སོ་སོ། སྲིད་གཞུང་སྤྱི་ཚོགས། དཔལ་འབྱོར། ཚན་རིག་སློབ་གསོ། རིག་དངོས་གནའ་ཤུལ་གྲགས་ཅན་ཕྱོགས་བསྡུས་བཅས་ཁག་བརྒྱད་དུ་དགར་འདུག

  • ལེ་ཚན་སྔོན་མ།:“གཅན་ཚའི་མདའ་རྩེད”རྒྱལ་སྤྱིའི་མདའ་རྩེད་གདན་ཞུ་འགྲན་སྡུར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:རྨ་ཁུག་གྱི་ལིང》ཞེས་པའི་གློག་བརྙན་མཚོ་སྔོན་ཞིང་ཆེན་ཧི་ནན་རྫོང་དུ་ཕབ་སྐྲུན་བྱེད་མགོ་བརྩམས་པ།
  • དོ་སྣང་ཆེ་བའི་རྩོམ།