བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-07-18
བོད་ལྗོངས་ཀྱི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་ཆེན་མོའི་དཔྱད་འདེམས་ཡུལ་དངོས།
ཆེད་མཁས་པ་རྣམས་ཀྱིས་པར་རིས་བརྩམས་ཆོས་འདེམ་བཞིན་པ།
ཟླ7པའི་ཚེས15ཉིན། བོད་ལྗོངས་ཀྱི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན་ཆེན་མོ་སྐབས་ལྔ་བ་ལེགས་པོར་སྤེལ་ནས་་འཛམ་གླིང་ཡོངས་ལ་རྒྱལ་ཁབ་ཕྱི་ནང་དང་། བོད་ལྗོངས་ཀྱི་པར་མཁན། ལས་ཞོར་པར་མཁན་རྣམས་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱེད་ཆེད། ཀྲུང་གོའི་པར་མཁན་མཐུན་ཚོགས་དང་བོད་ལྗོངས་པར་མཁན་ཡན་ལག་ཚོགས་པ་སོགས་ནས་ཡོང་བའི་པར་མཁན་གྲགས་ཅན་ལས་གྲུབ་པའི་དཔྱད་སྡུར་ཨུ་ཡོན་ལྷན་ཚོགས་ཀྱིས་སྐབས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་བྱ་བའི་འགོ་བརྩམས་ཤིང་། མིག་སྔའི་བར་དུ་རང་སྐྱོང་ལྗོངས་ཕྱི་ནང་ནས་ཡོང་བའི་པར་མཁན500ལྷག་གི་བརྩམས་ཆོས་ཁྲི1ལ་ཉེ་བ་བསྡུས་པ་རེད།
བོད་ལྗོངས་ཀྱི་ཇོ་མོ་གླང་མའི་པར་རིས་འགྲེམ་སྟོན2008ལོར་སྤེལ་བ་ནས་བཟུང་རིམ་གྱིས་གོང་དུ་འཕེལ་བ་དང་བསྟུན་ནས་རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་པར་མཁན་རྣམས་ཀྱིས་བོད་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་དམངས་སྲོལ་རིག་གནས་ཀྱི་བརྩམས་ཆོས་གསར་རྩོམ་བྱེད་པའི་སྤྲོ་བ་བསྐྱེད་ཅིང་། འགྲན་སྡུར་འདི་བོད་ལྗོངས་ཀྱི་རིག་གནས་དར་སྤེལ་དང་གནས་སྐོར་ལས་རིགས་གོང་སྤེལ་གྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར།
རྒྱུས་ལོན་བྱུང་བ་ལྟར་ན་དཔྱད་འདེམས་ཚོགས་པས་ཐོག་མའི་བརྩམས་ཆོས1364ལྷག་འདེམས་པ་དང་། དེའི་རྗེས་བརྩམས་ཆོས260ལྷག་བདམས་ནས་འགྲེམ་སྟོན་སྟེང་ཞུགས་ལ། དེ་ནས་རིགས་དང་པོའི་བསྡུ་ཉར་བརྩམས་ཆོས1དང་། རིགས་གཉིས་པའི་བསྡུ་ཉར་བརྩམས་ཆོས3། རིགས་གསུམ་པའི་བསྡུ་ཉར་བརྩམས་ཆོས6། རིགས་བཞི་བའི་བསྡུ་ཉར་བརྩམས་ཆོས30བཅས་བདམས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10