ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གསུམ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་ཀྱི་གནས་ཚུལ་བཤད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-10-30

 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་སྐོར་ཞིབ་བྱས་བའི་མགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར།ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གསུམ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཞིབ་ཀྱི་གནས་ཚུལ་བཤད།ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གསུམ་པའི་ཚན་གཙོ་མཱ་ཐེ་ཧྲན་དང་ཚན་གཙོ་གཞོན་པ་གོ་ལིན་གཉིས་ཀྱིས་སྐོར་ཞིབ་ཚན་ཁག་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྐོར་ཞིབ་བྱ་བའི་ཐད་ཀྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་མ་ཟད། སྐོར་ཞིབ་ཀྱི་གནས་ཚུལ་བཤད། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན་མཱ་ཐེ་ཧྲན་གྱིས་སྐོར་ཞིབ་ཚན་ཁག་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་ལ་སྐོར་ཞིབ་ཀྱི་གནས་ཚུལ་བཤད་པ་དང་།བློ་མཐུན་ལོ་ཧོས་ཉིན་གྱིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།

མཱ་ཐེ་ཧྲན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱི་མགོ་ཁྲིད་ཚན་ཁག་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་པ་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དམ་དུ་བཟུང་ནས་གྲུབ་འབྲས་གསར་བ་བླངས་ཡོད།ཡིན་ནའང་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྱང་གནད་དོན་མི་ཉུང་བ་ཞིག་ཡང་ཞུ་བྱས་ཡོད་དེ།གཙོ་བོ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ལེན་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་མེད་པ་དང་།གཏེར་ཁའི་ཐོན་ཁུངས་སྔོག་འདོན་གྱི་ཞིབ་མཆན་དང་ལྟ་སྐུལ་དོ་དམ་ཁྲོད་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཅུང་མང་བ།ཉེན་ཁར་མ་འཛེམས་པར་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་མཚམས་ལ་ལར་འབྱུང་བཞིན་པ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཚད་མི་འདྲ་བའི་སྒོ་ནས་ཡོད་པ། ཏང་ཡོན་ལས་བྱེད་པ་ཁ་ཤས་ཀྱི་ཆབ་སྲིད་འདུ་ཤེས་མི་བརྟན་པས། ཁ་བྲལ་ངོ་རྒོལ་འཐབ་རྩོད་ཁྲོད་དུ་ཆབ་སྲིད་སྒྲིག་ཁྲིམས་དང་འགལ་བའི་དོན་རྐྱེན་སྔར་བཞིན་འབྱུང་བཞིན་པ། ལས་དོན་ལས་ཁུངས་སུ་སྒྲིག་ལམ་དང་འགལ་ནས་ལས་བྱེད་བསྡུ་བའི་སྣང་ཚུལ་ཅུང་འབུར་ཐོན་ཡིན་པ་སོགས་རེད། དེ་དང་མཉམ་དུ་སྐོར་ཞིབ་ཚན་ཆུང་ལ་མགོ་ཁྲིད་ལས་བྱེད་ཁ་ཤས་ཀྱི་གནད་དོན་མཚོན་པའི་ཁུངས་སྣེ་འབྱོར་ཡོད་པས། གཏན་ཁེལ་ལྟར་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་སྡེ་ཁག་ལ་ཐག་གཅོད་བྱེད་པར་སྤྲད་ཡོད་ཟེར།

མཱ་ཐེ་ཧྲན་གྱིས་སྐོར་ཞིབ་ཚན་ཁག་གི་ཚབ་བྱས་ཏེ་བསམ་འཆར་དང་གྲོས་གཞི་དྲུག་བཏོན། གཅིག ལས་འགན་གཉིས་དངོས་འབེབས་ནན་མོ་བྱེད་དགོས། གཉིས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་དགོས། གསུམ། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་བྱེད་དགོས།བཞི།ཡང་དག་པའི་སྲིད་འབྲས་ལྟ་བ་བརྟན་པོར་བཅངས་དགོས། ལྔ། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་གཟབ་ནན་དུ་གཏོང་དགོས། དྲུག རྩ་འཛུགས་མི་དོན་སྒྲིག་ཁྲིམས་ལག་བསྟར་ནན་མོ་བྱེད་དགོས་ཟེར།

 ལོ་ཧོས་ཉིན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་སྐོར་ཞིབ་བྱ་བའི་ཐད་ཀྱི་གསུངས་བཤད་གལ་ཆེན་གྱིས་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་རུལ་སུངས་བཀག་འགོག་འཐབ་རྩོད་ཀྱི་གནས་བབ་རྙོག་འཛིང་ཡིན་པ་དང་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་གསལ་བོར་བསྟན་ཡོད་ལ།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་སྲོལ་ངན་བཞི་ཡོ་བསྲང་།ཏང་གི་སྒྲིག་ཁྲིམས་ཇེ་དམ་དུ་གཏོང་བ།མི་འདེམ་བཀོལ་གྱི་བྱ་བ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ལ་རེ་བ་ནན་མོ་བཏོན་ཡོད་པས།ང་ཚོས་ངེས་པར་དུ་དེར་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་། གོ་བ་ཟབ་མོ་ལེན་པ། ལག་བསྟར་མཐའ་འཁྱོལ་བྱེད་པ་བཅས་བྱེད་དགོས་ཟེར།

 ལོ་ཧོས་ཉིན་གྱིས་བསྟན་དོན།ཀྲུང་དབྱང་སྐོར་ཞིབ་ཚན་ཁག་གསུམ་པས་བཏོན་པའི་བསམ་འཆར་གྱིས་ཤུགས་འདོན་དགོས་པ་བཞིའི་ཐད་ནས་གནས་པའི་གནད་དོན་གསལ་བོར་བསྟན་པ་དེ་དོན་དངོས་དང་མཐུན།ང་ཚོས་སྐོར་ཞིབ་ཚན་ཁག་གིས་བཏོན་པའི་བསམ་འཆར་དང་གྲོས་གཞི་དྲུག་མཐའ་གཅིག་ཏུ་དང་ལེན་བྱས་ཏེ།སྟོབས་ཤུགས་ཡོད་རྒུས་བཅོས་སྒྱུར་བྱེད་པ་དང་།རྩ་ལག་མཉམ་བཅོས་བྱས་ནས་གནད་དོན་རྩ་བ་ནས་ཐག་གཅོད་པ་དང་།གྱོད་དོན་ལ་ཞིབ་བཤེར་ཐག་གཅོད་བྱེད་པ། ཡ་རབས་ཀྱི་ལུགས་དར་སྤེལ་བྱེད་པ། ལས་དོན་གོང་འཕེལ་དུ་གཏོང་བ་བཅས་བྱེད་རྒྱུ་ཡིན་ཟེར། ལོ་ཧོས་ཉིན་གྱིས་བསྟན་དོན། གཅིག འདུ་ཤེས་མཐོན་པོས་དག་ཐེར་དམ་འཛིན་བྱེད་དགོས། གཉིས། བྱེད་ཐབས་དྲག་པོས་དག་ཐེར་དམ་འཛིན་བྱེད་དགོས།གསུམ།ལམ་ལུགས་འཐུང་ཚང་དུ་བཏང་ནས་དག་ཐེར་དམ་འཛིན་བྱེད་དགོས། བཞི། མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་དག་ཐེར་དམ་འཛིན་བྱེད་དགོས། ལྔ། ལས་འགན་དངོས་འབེབས་བྱས་ཏེ་དག་ཐེར་དམ་འཛིན་བྱེད་དགོས་ཟེར།  ། 

  • ལེ་ཚན་སྔོན་མ།:བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་གྱི་ཁྲིད་སྦྱོང་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་དང་རྔ་བ་ཁུལ་དུང་དཀར་ལུགས་ཀྱི་ཐང་གའི་རི་མོ་གསོ་སྦྱོང་འཛིན་གྲྭ་འཚོགས་འགོ་བརྩམས།
  • ལེ་ཚན་རྗེས་མ།:ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་གི་ཟུར་ཁྲིད་རྒྱུ་ཆ་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།