བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-07-10
བོད་ལྗོངས་དཔེ་མཛོད་ཁང་དུ་ཉར་པའི་བོད་ཡིག་དཔེ་རྙིང་།
དངུལ་བྱེ་ལས་བྲིས་པའི་གཡུང་དྲུང་བོན་གྱི་སྔགས་ཀྱི་བསྟན་བཅོས།
ཉེ་སྔོན། རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཀྱི་ཡུལ་སོ་སོ་དང་། བོད་ལྗོངས་དཔེ་མཛོད་ཁང་། ནོར་བུ་གླིང་གའི་དོ་དམ་ཁང་། ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་། བོད་ལྗོངས་དངོས་མང་བཤམས་སྟོན་ཁང་སོགས་དཔེ་རྙིང་བསྡུ་ཉར་ལས་ཁུངས་འགས་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་བྱ་བའི་སྡེ་ཁག་དང་དཔུང་སྡེ་བཙུགས་ནས་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་དྲ་རྒྱའི་མ་ལག་གྲུབ་པར་རྨང་བཏིངས་པ་རེད།
དཔེ་རྙིང་རྩ་ཆེན་དག་སྲུང་སྐྱོབ་ལེགས་པོ་བྱེད་ཆེད་བོད་ལྗོངས་ཀྱིས2007ལོར་བོད་ལྗོངས་རིག་གནས་ཐིན་དང་། བཅོས་སྒྱུར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། སློབ་གསོ་ཐིན་སོགས་ལས་ཁུངས་འགས་གྲུབ་པའི་བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པར་མ་ཟད། རིག་གནས་ཐིན་ནང་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་བཙུགས་ཤིང་། 2011ལོར་བོད་ལྗོངས་དཔེ་མཛོད་ཁང་དུ་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་དང་འགན་ནུས་དགར་ནས་བོད་ལྗོངས་ཀྱི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་ཀྱིན་ཡོད།
བོད་ལྗོངས་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་དང་བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་གཅིག་གྱུར་འཆར་བཀོད་དང་འགོ་ཁྲིད་འོག སྲིད་གཞུང་གིས་སྣེ་ཁྲིད་དང་། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་རྨང་གཞི་བྱས་པ། དམངས་ཁྲོད་དང་དམ་པོར་འབྲེལ་བའི་དཔེ་རྙིང་རིགས་བཞིའི་རྩིས་བཤེར་སྲུང་སྐྱོབ་དྲ་རྒྱའི་མ་ལག་ཐོག་མར་གྲུབ་པ་རེད།
བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་རྨང་གཞིར་བྱས་པའི་དྲ་རྒྱའི་མ་ལག་རིགས་བཞི་ནི། ས་ཁུལ་དང་རྫོང་སོ་སོའི་བསྡུ་ཉར་ལས་ཁུངས(དགོན་སྡེ)ཀྱི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་དྲ་རྒྱའི་མ་ལག་དང་། ལྗོངས་ཐད་གཏོགས་ཀྱི་བསྡུ་ཉར་ལས་ཁུངས་གཙོ་བོའི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་དྲ་རྒྱའི་མ་ལག བསྡུ་ཉར་ལས་ཁུངས་གཙོ་ཤོས་གསུམ(ཕོ་བྲང་པོ་ཏ་ལ་དང་། འབྲས་སྤུངས་དགོན། ས་སྐྱ་དགོན) གྱི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་དྲ་རྒྱའི་མ་ལག མི་སྒེར་གྱི་བསྡུ་ཉར་བྱེད་པའི་དཔེ་རྙིང་རྩིས་བཤེར་སྲུང་སྐྱོབ་དྲ་རྒྱའི་མ་ལག་བཅས་ཁག་བཞིར་ཕྱོགས་རྒྱུ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10