ཝུན་ཅ་པའོ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་བཞི་བར་ཞུགས་ཏེ་ཤིས་ཚིག་ཕུལ་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-05-16

ཝུན་ཅ་པའོ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་བཞི་བར་ཞུགས་ཏ

ཙུང་ལིས་ཝུན་ཅ་པའོ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་བཞི་བར་ཞུགས་ཏེ་ཤིས་ཚིག་ཕུལ་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཚེས13ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧན་གོའི་ཙུང་ཐུང་ལེ་མེན་པོ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཡེ་ཐིན་ཅ་ཡན་དང་མཉམ་དུ་ཀྲུང་གོ་དང་འཇར་པན།  ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་བཟོ་ཚོང་མཐོ་རིམ་གྲོས་ཚོགས་སྐབས་བཞི་བར་ཞུགས་ཏེ་ཤིས་ཚིག་ཕུལ།

  ཝུན་ཅ་པའོ་ཡིས་བསྟན་དོན། ད་ལོ་ནས་བཟུང་འཛམ་གླིང་གི་དཔལ་འབྱོར་མུ་མཐུད་དུ་དལ་མོར་སླར་གསོ་བྱུང་བཞིན་ཡོད་ནའང་། རྒྱལ་སྤྱིའི་དངུལ་ལོར་ཉམས་ཉེན་ད་རུང་མཇུག་རྫོགས་མེད། ཕྱིའི་ཁོར་ཡུག་གི་མི་ལེགས་པའི་རྒྱུ་རྐྱེན་གྱིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ལ་ཐེབས་པའི་ཤན་ཤུགས་ཉིན་རེར་མངོན་གསལ་ཡིན་པ་དང་། རྒྱལ་ཁབ་གསུམ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་ཐེབས་པའི་གནོད་པ་ཇེ་ཆེར་སོང་ཡོད།  དཀའ་ངལ་ལ་ཁ་གཏད་དེ་ང་ཚོས་ཆོད་སེམས་བརྟན་པོས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། དཔལ་འབྱོར་མཉམ་བསྲེས་ཇེ་དྲག་ཏུ་བཏང་ནས་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་ཟེར།

  ཝུན་ཅ་པའོ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ཁུལ་འཛུགས་པ་ནི་མ་འོངས་བར་ཕྱོགས་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པ་དང་། རྒྱལ་ཁབ་གསུམ་གྱི་བཟོ་ཚོང་ལས་རིགས་ཁག་གི་རེ་སྒུག་ཡིན་ལ། རྒྱལ་ཁབ་གསུམ་གྱིས་ད་ལོའི་ལོ་ནང་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ཆོད་དོན་གྲོས་མོལ་བྱེད་རྒྱུའི་ཐག་བཅད་པ་དང་། གྲོས་མོལ་སྔ་མོ་ནས་ལེགས་འགྲུབ་བྱུང་སྟེ་རང་དབང་ཉོ་ཚོང་ཁུལ་འཛུགས་པ་རྒྱལ་ཁབ་གསུམ་གྱི་དགེ་མཚན་འདོན་སྤེལ་བྱེད་པར་ཕན་ལ། མཉམ་དུ་ཚོང་རའི་སྒོ་འབྱེད་དེ་དཔལ་འབྱོར་ཤུགས་དྲག་ལྡན་པ་དང་རྒྱུན་བསྲིངས་ཡོང་བར་ཡར་སྐུལ་བཏང་ནས་དོ་མཉམ་སྒོས་འཕར་སྣོན་ཡོང་སྟེ། ཨེ་ཤ་ཡའི་ཤར་བྱང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེར་བསྐྱེད་དགོས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་དངུལ་གཏོང་ཆོད་དོན་དངོས་སུ་འགོད་པ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། ཀྲུང་གོས་འཇར་པན་དང་ཧན་གོས་ཀྲུང་གོར་དངུལ་གཏོང་བ་རྒྱ་བསྐྱེད་པར་དགའ་བསུ་ཞུ་བ་དང་། འཇར་པན་དང་ཧན་གོ་རྒྱལ་ཁབ་གཉིས་ནི་ཀྲུང་གོའི་དངུལ་གཏོང་གི་དམིགས་ཡུལ་གཙོ་བོར་འགྱུར་བའི་རེ་བ་ཡང་བཅངས་ཡོད། ཀྲུང་གོས་ཀྲུང་གོའི་ཧྲན་ཏུང་དང་འཇར་པན། ཧན་གོ་བཅས་ཁྱིམ་མཚེས་སུ་གནས་པའི་དགེ་མཚན་བེད་སྤྱད་དེ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ས་གནས་དཔལ་འབྱོར་མཉམ་ལས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པ་དང་། འཇར་པན་དང་ཧན་གོ་རུ་མཉམ་ལས་ཀྱི་ས་ཁོངས་འདེམས་པར་བསམ་གཞིགས་བཏང་སྟེ། རྒྱལ་ཁབ་གསུམ་གྱི་ཐོན་ལས་མཉམ་ལས་རྟེན་གཞི་འཛུགས་རྒྱུའི་གྲོས་གཞི་བཏོན།

  ཝུན་ཅ་པའོ་ཡིས་གསུངས་རྒྱུར། དེང་སྐབས། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་གནས་བབ་སྤྱི་ཁོག་ནས་བཟང་བས། ང་ཚོར་ད་ལོའི་དཔལ་འབྱོར་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཡིད་ཆེས་དང་ཆ་རྐྱེན། ནུས་པ་བཅས་ཡོད་ཟེར།

  ཝུན་ཅ་པའོ་ཡིས་མཇུག་མཐར་གསུངས་རྒྱུར། ལོ་ངོ13རིང་ལ་འབད་བརྩོན་ལྷོད་མེད་བྱས་མཐར་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དེ་ལོ་རྒྱུས་ཀྱི་མགོ་རྩོམ་ས་གསར་བ་ཞིག་ཏུ་སླེབས་ཡོད་པ་དང་། ང་ཚོས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ལག་རྡང་མཉམ་སྦྲེལ་གྱིས་འགྲན་རྩོད་ལ་ཁ་གཏད་འཇལ་ནས་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བའི་དམིགས་འབེན་ལ་སྙེག་སྟེ། མུ་མཐུད་དུ་མདུན་སྐྱོད་བྱས་ནས་འོད་སྟོང་འབར་བའི་བྱས་རྗེས་འཇོག་དགོས་ཟེར།  །

  • ལེ་ཚན་སྔོན་མ།:ལྷ་ས་གྲོང་ཁྱེར་གྱིས“མི་གཞན་ལ་གཅེས་སྐྱོང་དང་། སྤྱི་ཚོགས་ལ་གཅེས་སྐྱོང་། རང་བྱུང་ཁམས་ལ་གཅེས་སྤྲས”བཅས་ཀྱ
  • ལེ་ཚན་རྗེས་མ།:ཨ་ཆེན་གངས་རྒྱབ་ནི་རྐྱང་དང་རི་དྭགས་གཙོད་ཀྱི་དགའ་ཚལ་ཞིག་ཏུ་གྱུར་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།