བོད་ལྗོངས་ཀྱི་གཙོད་ཀྱི་གྲངས་ཀ་ཇེ་མང་དུ་ཕྱིན་ནས་ཁྲི17ལ་ཉེ་བ།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-05-14
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་ཀྱི་གཙོད་ཀྱི་གྲངས་ཀ1995ལོའི་ཁྲི5ནས་ཁྲི7ཡོད་པ་ལས་འཕར་སྣོན་བྱུང་ནས་མིག་སྔར་ཁྲི17ལ་ཉེ་བ་རེད།
1991ལོར་བོད་ལྗོངས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་བཙུགས་པ་ནས་བཟུང་། བོད་ལྗོངས་ཀྱིས་རི་དྭགས་གཙོད་རིགས་ལ་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཐད་ལ་ཕན་འབྲས་མངོན་སུམ་བླངས། ལོ་ངོ20ཡི་རིང་དུ་མཐུན་ཚོགས་འདིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་དང་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར4ལྷག་བཏང་བར་མ་ཟད། དེ་དང་འབྲེལ་བའི་ཁྲིམས་ལུགས་གཏན་འབེབས་བྱས་པ་རེད། ལྗོངས་ཡོངས་སུ80%ཡི་ཉམས་ཉེན་ཆེ་བའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་དང་སྐྱེ་དངོས་ཁོར་ཡུག་ལ་སྲུང་སྐྱོབ་ལེགས་པོ་བྱེད་ཐུབ་པ་དང་། 90%བརླན་ས་དང་སྐྱེ་ཁམས་མ་ལག་གི་གདོད་མའི་རྣམ་པ་སྲུང་སྐྱོང་བྱེད་ཐུབ་པ་རེད།
དེར་མ་ཟད་བོད་ལྗོངས་ཀྱི་ཁྲུང་ཁྲུང་གི་གྲངས་ཀ་དེ་དུས་རབས་སྔོན་མའི་ལོ་རབས90བའི་དུས་དཀྱིལ་གྱི1000ནས3000ཡོད་པ་ལས་མིག་སྔའི6000ནས8000དུ་འཕར་སྣོན་བྱུང་བ་རེད།