བསོད་ནམས་ལྷ་མོ། མཚོ་སྔོན་གསར་འགྱུར་དྲ་བ། 2012-05-14
རྒྱལ་ཡོངས་ཀྱི་གནོད་འགོག་གནོད་སེལ་གྱི་ཉིན་མོ་ཐེངས་བཞི་བར་མཚོ་སྔོན་ཞིང་ཆེན་གནོད་འགོག་གནོད་སེལ་གཞུང་སྒྲུབ་ཁང་གིས་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ས་འགུལ་ཅུའུ། ཞིང་ཆེན་གནམ་གཤིས་རྟོག་དཔྱོད་ཅུའུ་སོགས་གནོད་སེལ་ཨུ་ཡོན་ལྷན་ཁང་གི་ཁོངས་ཞུགས་ལས་ཁུངས་རྩ་འཛུགས་བྱས་ཏེ་ཞིན་ཉིན་ཐང་ཆེན་ནས་གཅིག་བསྡུས་སྒོས་གནོད་འགོག་གནོད་སེལ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་སྤེལ་ཏེ་ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ལ་གནོད་འགོག་གནོད་སེལ་གྱི་ཤེས་བྱ་འགྲེལ་བཤད་བྱས་ནས་སྡོད་དམངས་ཀྱིས་གནོད་འགོག་གནོད་སེལ་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། གནོད་འགོག་གནོད་སེལ་དང་གནོད་འཚེའི་ཁྲོད་དུ་རང་གིས་རང་སྐྱོབ་པ་དང་ཡང་ན་ཕན་ཚུན་སྐྱོབ་པའི་ནུས་པ་ཇེ་ཆེར་བཏང་།ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་ནི་རང་རྒྱལ་གྱི་གནོད་འགོག་གནོད་སེལ་ཉིན་མོ་ཐེངས་བཞི་བ་ཡིན་པས་ཟླ་ལྔ་པའི་ཚེས་བདུན་ཉིན་ནས་ཚེས་བཅུ་གསུམ་ཉིན་བར་ནི་ས་འགུལ་སྔོན་འགོག་དང་གནོད་སེལ་གྱི་དྲིལ་སྒྲོག་གཟའ་འཁོར་དུ་གཏན་འཁེལ་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱིས་བརྗོད་བྱ་དེར་དམ་པོར་དམིགས་ནས་བྱ་བ་དེ་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན། གནོད་འགོག་གནོད་སེལ་ཉིན་མོ་དེར་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་རྫོང་སོ་སོས་ཀྱང་རྩ་འཛུགས་བྱས་ནས་རང་ས་ཆའི་ལྟེ་གནས་ས་ཁུལ་ནས་གནོད་འགོག་གནོད་སེལ་གྱི་དྲིལ་སྒྲོག་བྱ་འགུལ་སྣ་ཚོགས་སྤེལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10