ཤིན་ཧྭ་གསར་འགྱུར་ཁང་། 2012-04-26
ཚེས19ཉིན་འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པའི་གཙོ་གཉེར་ཕྱོགས་གཏོགས་ཀྱིས་པེ་ཅིན་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་གཙོ་གཉེར་ཕྱོགས་གཏོགས་ཀྱི་གདན་ཞུ་དང་ལེན་གནང་བ་དང་ཤང་ཀང་དུ་ཕེབས་ནས་སྐབས་འདིའི་གླེང་སྟེགས་ལ་ཞུགས་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།
ཀྲུང་ཧྭ་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ལྗང་ཅན་ཡུང་གིས་ཉིན་དེར་འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པ་དང་སྟོན་པ་ཤྰཀྱ་ཐུབ་པའི་རིང་བསྲེས་ཤང་ཀང་དང་ཨའོ་མན་དུ་གདན་དྲངས་ནས་མཆོད་འབུལ་བྱེད་པའི་བྱེད་སྒོའི་སྨྱན་སྦྱོར་ངོ་ཐུག་ཚོགས་འདུའི་ཐོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཙོ་འཛིན་ཡིན་ལ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡིན་པས་ཆོས་ལུགས་ལས་རིགས་དང་དད་ལྡན་པའི་གུས་བཀུར་ཐོབ་ཡོད།དེའི་གོང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་དང་པོ་དང་སྐབས་གཉིས་པར་ཞུགས་མྱོང་བ་དང་།ཁོང་གི་ཆོས་ལུགས་ཀྱི་རྟོགས་པ་དང་དོན་གཉེར་གནང་སྟབས།མཁྱེན་རྒྱ་ཡངས་པ་བཅས་ལ་མཐའ་གཅིག་ཏུ་ཚོགས་ཞུགས་པ་རྣམས་ཀྱི་གདེང་འཇོག་ལེགས་པོ་ཐོབ་ཡོད་ཅེས་གསུངས།
ལྗང་ཅན་ཡུ་ང་གིས་“སྐབས་འདིའི་གླེང་སྟེགས་ཀྱི་གཙོ་གཉེར་ཕྱོགས་གཏོགས་ནས་གཟི་བསོད་ལྡན་པའི་ངང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གདན་ཞུ་གནང་བ་དང་།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནས་ཀྱང་ཐུགས་མཉེས་པོས་གདན་ཞུ་དང་ལེན་གནང་ཡོད”ཅེས་གསུངས།
ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཤང་ཀང་ནང་བསྟན་མཉམ་འབྲེལ་ལྷན་ཚོགས།ཀྲུང་ཧྭ་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པ་ནི་ཟླ་བ4པའི་ཚེས25ཉིན་ནས་ཚེས27ཉིན་བར་ཤང་ཀང་དུ་གཉེར་རྒྱུ་ཡིན་པ་དང་།དུས་མཚུངས་ཤང་ཀང་དང་ཨའོ་མན་གྱི་ཆོས་ལུགས་ལས་རིགས་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་འདན་ཞུ་གནང་བ་ལྟར་ནང་བསྟན་ཆོས་ལུགས་ཀྱི་མཆོག་ནོར་སྟོན་པ་ཤྰཀྱ་ཐུབ་པའི་རིང་བསྲེལ་ཡང་ཟླ་བ་4པའི་ཚེས25ཉིན་ནས་ཚེས30ཉིན་བར་དང་།ཟླ་བ4པའི་ཚེས30ཉིན་ནས་ཟླ་བ་5པའི་ཚེས4ཉིན་བར་སྔ་རྗེས་སུ་ཤང་ཀང་དང་ཨའོ་མན་དུ་གདན་དྲངས་ནས་ཕྱག་དང་མཆོད་འབུལ་བྱ་རྒྱུ་ཡིན་པ་རེད།
ངོ་སྤྲོད་ལ་གཞིགས་ན།འཛམ་གླིང་ནང་བསྟན་ཆོས་ལུགས་ཀྱི་གླེང་སྟེགས་སྐབས་གསུམ་པའི་བརྗོད་བྱ་གཙོ་བོ་ནི་“ཞི་མཐུན་འཛམ་གླིང་དང་བསམ་སྤྱོད་གཅིག་མཐུན་”ཞེས་པ་ཡིན་པ་དང་།རྒྱལ་ཁབ་ཕྱི་ནང་གི་བླ་སྤྲུལ་ཆེ་ཁག་དང་རིགས་གཅིག་མཁས་ཅན།རིག་གནས་པ།སྲིད་གཞུང་གི་དཔོན་རིགས་དང་སྤྱི་ཚོགས་ལས་རིགས་ཁག་གི་མིང་གྲགས་ལྡན་པའི་མི་སྣ་བཅས་མི་སྟོང་ལྷག་ཙམ་གདན་ཞུ་བྱས་ཡོད་ཅིང་།གླེང་སྟེགས་ཀྱི་བྱེད་སྒོའི་བཀྲག་མདངས་འཚེར་སའི་ཁྲོད་འགོ་འཛུགས་མཛད་སྒོའི་ཐོག་གི་ “དགེ་འདུན་པ་སྟོང་གིས《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་བོ》འདོན་པ”དང་དེ་བཞིན་ནང་བསྟན་ཆོས་ལུགས་ཕྱི་ནང་གི་དབང་གྲགས་ལྡན་པའི་མི་སྣས་ནང་བསྟན་འཆད་འགྲེལ་གནང་བ།ནང་བསྟན་རིག་གནས་ལ་གྲོས་མོལ་བྱ་རྒྱུ་ནངདོན་གཙོ་བོར་བྱས་པའི་བརྙན་འཕྲིན་གླེང་སྟེགས་6དང་དྲ་རྒྱའི་གླེང་སྟེགས1བཅས་ཚུད་ཡོད།གཞན་ཡང་།གླེང་སྟེགས་ཐོག་ད་དུང་ཡན་ལག་གླེང་སྟེགས་ཁག་7གཉེར་ནས“དེང་རབས་ཀྱི་ནང་བསྟན་དར་སྤེལ་གཏོང་ཐབས”དང་“ནང་བསྟན་སློབ་གསོའི་སྲོལ་རྒྱུན་དང་ད་ལྟའི་གནས་བབ།འཕེལ་རྒྱས།”སོགས་ཀྱི་གྲོས་གཞིར་ཞིབ་འཇུག་དང་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10