ཀྲང་ཀོང་རོང་བསྐྱར་འཛུགས་ཡུལ་དངོས་སུ་སོང་སྟེ་འབུར་ཐོན་གནད་དོན་ཐག་གཅོད་བྱས་པ།

ལྕགས་བྷོ།        2012-06-01

ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཡུས་ཧྲུའུ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཀྲང་ཀོང་རོང་ཡུས་ཧྲུའུ་རྫོང་དུ་སོང་ནས་ཡུས་ཧྲུའུ་རྫོང་གི་ལས་ཁུངས་ལས་བྱེད་པར་སྐོར་བརྒྱབ་པར་མ་ཟད། ད་དུང་བསྐྱར་འཛུགས་ཡུལ་དངོས་སུ་སོང་ནས། འབུར་ཐོན་གནད་དོན་ལ་འབྲེལ་མཐུད་དང་། མཐུན་སྒྲིག   ཐག་གཅོད་བྱས།

ཀྲང་ཀོང་རོང་འཁོར་དང་བཅས་བ་ཐོག་མར་ཡུས་ཧྲུའུ་རྫོང་སྲིད་གཞུང་གི་གཞུང་སྒྲུབ་ཁང་དུ་ཡོང་སྟེ། ལས་ཁུངས་ལས་བྱེད་པར་སྐོར་བརྒྱབ། ཀྲང་ཀོང་རོང་གིས་བཤད་རྒྱུར། མིག་སྔར། བསྐྱར་འཛུགས་བྱ་བ་གནད་འགག་གི་དུས་སྐབས་སུ་ཐོན་ཡོད་དེ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་པའི་རང་བཙུགས་སྡོད་ཁང་དག་ཟླ6པའི་ཚེས30ཉིན་ལས་གྲུབ་ནས་ཁང་པའི་ནང་དུ་འདུག་ཐུབ་པ་དང་། གཅིག་གྱུར་འཆར་འགོད་བྱས་པའི་གཅིག་གྱུར་འཛུགས་སྐྲུན་སྡོད་ཁང་དག་ཟླ9པའི་ཚེས30ཉིན་ལས་གྲུབ་ནས་ཁང་བའི་ནང་འདུག་ཐུབ་པའི་དུས་ཡུན་ཐག་གིས་བཅད་ཡོད་ལ། དམངས་སེམས་དང་དམངས་འཚོ་ལ་སེམས་ཁུར་བྱེད་རྒྱུ་ནི། དེང་སྐབས་དང་རྗེས་ཕྱོགས་བསྐྱར་འཛུགས་དུས་ཡུན་ཞིག་གི་བྱ་བའི་ཆེས་གལ་ཆེ་བའི་ཆབ་སྲིད་འགན་ཁུར་ཡིན་ཞིང་། བསྐྱར་འཛུགས་བྱ་བ་ཡོངས་དང་ཡང་ན་སྲིད་གཞུང་གི་སྲིད་འཛིན་ནུས་ཤུགས་ཀྱི་ཚད་གཞི་ཞིག་ཀྱང་ཡིན་ཟེར། ད་ལོའི་ཟླ10བའི་ནང་གནོད་ཁུལ་མང་ཚོགས་ཡོད་ཚད་ཁང་བ་གསར་བའི་ནང་དུ་འདུག་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

དེ་ནས། ཀྲང་ཀོང་རོང་གིས་ཞིང་ཆེན་ཡུས་ཧྲུའུ་བསྐྱར་འཛུགས་ཡུལ་དངོས་བཀོད་འདོམས་པུའུ་དང་ཡུས་ཧྲུའུ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་ལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཆུ་གློག་གིས་རོགས་འཛུགས་བྱེད་པའི་རྒྱ་རྗེ་ཉག་ག་སོགས་གཞིས་ཁུལ་གསུམ་འཛུགས་སྐྲུན་བྱེད་སའི་ཡུལ་དངོས་སུ་གཞུང་སྒྲུབ་བྱས་ཏེ། ལས་གཞི་དེ་དག་གི་ཁྲོད་དུ་གནས་པའི་དཀའ་ངལ་རྒྱུས་ལོན་ཞིབ་མོ་བྱས། ལས་གཞི་དེ་དག་མང་ཚོགས་ཀྱི་འདོད་བློ་ལྟར་ལས་མཚམས་བཞག་པ་སོགས་ཀྱི་དབང་གིས་ལས་གཞིའི་འཛུགས་སྐྲུན་ལ་ཤུགས་རྐྱེན་ཐེབས་ཡོད་པ་ཤེས་རྗེས། ཀྲང་ཀོང་རོང་གིས་དེ་མ་ཐག་ཏུ་རོགས་འཛུགས་ལས་ཁུངས་ལ་མཐུན་སྒྲིག་བྱས་པ་དང་། ཡུས་ཧྲུའུ་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཡང་ན་བསྐྱར་འཛུགས་ཨུ་ཡོན་ལྷན་ཁང་ལ་ཡུལ་དངོས་ནས་འབྲེལ་མཐུད་བྱས་པ་བརྒྱུད། རོགས་འཛུགས་ལས་ཁུངས་ཀྱིས་སྔོན་ལ་ཨར་ལས་ཆ་རྐྱེན་འཛོམས་པའི་བཟོ་སྐྲུན་ལས་མགོ་རྩོམ་པ་དང་། བཟོ་སྐྲུན་དེ་དག་གི་སྣེ་ཁྲིད་ནུས་པ་འདོན་སྤྲོད་བྱས་ནས། འཛུགས་སྐྲུན་བྱས་པ་བརྒྱུད་བཤིག་སྤོར་ལ་སྐུལ་འདེད་བཏང་སྟེ། རྒྱུ་སྤུས་དང་བདེ་འཇགས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག   བཟོ་སྐྲུན་དུས་ཡུན་ཇེ་མགྱོགས་སུ་བཏང་ནས། མང་ཚོགས་སྔ་མོ་ནས་ཁང་བ་གསར་བའི་ནང་དུ་འདུག་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

  • ལེ་ཚན་སྔོན་མ།:བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པར་རྗེས་དྲན་ཞུ་བའི་བྱ་འགུལ་སྤེལ་འཆར་ཡིན་པ།
  • ལེ་ཚན་རྗེས་མ།:གཞིས་ཀ་རྩེའི་བོད་ཀྱི་གསོ་རིག་རིགས་གཞུང་གྲོས་ཞིབ་ཚོགས་འདུ་སྐབས་དང་པོ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།