བོད་ལྗོངས་འཕྲིན་དྲ 2014-10-15
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚེས10ཉིན་གྱི་སྔ་དྲོ། བོད་ལྗོངས་སུ་འཛུགས་སྐྲུན་བྱས་པའི་གཞོན་ནུ་ལོ་ཆུང་གི་ཚན་རྩལ་ཁང་དང་པོ་ཕྱི་ཕྱོགས་སུ་སྒོ་འབྱེད་པ་མ་ཟད། སྒོ་འབྱེད་པ་ནས་བཟུང་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་ནས་རིན་མེད་ངང་བེད་སྤྱོད་གཏོང་རྒྱུ་ཡིན་པ་དང་། དེས་རང་ལྗོངས་སུ་གཞོན་ནུ་ལོ་ཆུང་གི་སྤྱི་པའི་ཚན་རྩལ་ཁྱབ་གདལ་ལྟེ་གནས་མེད་པའི་སྟོང་ཆ་ཁ་སྐོང་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཧོང་ཆན་མིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་དེ་ཅང་སུའུ་ཞིང་ཆེན་གྱིས་བསྐྲུན་རོགས་བྱས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་ཚོ150བཏང་ཞིང༌། ཚན་རྩལ་ཁང་དེ་ལྷ་ས་གྲོང་ཁྱེར་སློབ་གསོའི་གྲོང་དུ་གནས་ཡོད་པ་དང་། སྤྱིའི་ཨར་སྐྲུན་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ200ཙམ་ཟིན་གྱི་ཡོད་པ་རེད། ཚན་རྩལ་ཁང་དེ་ནི་གླེང་གཞི་ཁང་དང༌བྱང་ཚད་སློབ་གསོ་སོགས་གཙོ་དོན་འགྲེམས་ཁུལ7ལས་གྲུབ་པ་ཞིག་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10