བཀྲ་ཤིས་དགེ་ལེགས་ལ་རྒྱལ་ཡོངས་དབྱིན་ཡིག་གཏམ་བཤད་འགྲན་བསྡུར་སྟེང་བྱ་དགའ་ཨང་གསུམ་པ་ཐོབ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-04-13

བཀྲ་ཤིས་དགེ་ལེགས་ལ་རྒྱལ་ཡོངས་དབྱིན་ཡིག་གཏམ་བཤད་འགྲན་བསྡུར་སྟེང་བྱ་དགའ་ཨང་གསུམ་པ་ཐོབ།

          བཀྲ་ཤིས་དགེ་ལེགས།
ཉེ་ལམ།ཀྲུང་གོའི་ཚགས་པར་ཁང་གིས་གཙོ་སྒྲུབ་དང་།དུས་རབས21དབྱིག་ཡིག་ཚགས་པར་ཁང་གིས་འགན་སྒྲུབ་གནང་བའི་སྐབས་བཅུ་བདུན་པའི་ཀྲུང་གོའི་ཚགས་པར་ཁང“དུས་རབས21པའི་བུམ་པ”རྒྱལ་ཡོངས་དབྱིན་ཡིག་གཏམ་བཤད་འགྲན་བསྡུར་དེ་ཡུན་ནན་ཞིང་ཆེན་ཁུང་མིན་གྲོང་ཁྱེར་ཧེ་ཀིན་ཚོགས་ཁང་དུ་སྤེལ་ཞིང་།ཞི་ཨན་ཨོ་ཡ་སློབ་གླིང་རྒྱལ་ཕྱིའི་སྐད་རིགས་གླིང་གི་སློབ་མ་བཀྲ་ཤིས་དགེ་ལེགས་ཞི་ཨན་ཞིང་ཆེན་གྱི་ཚབ་བྱས་ཏེ་ཐེངས་འདིའི་འགྲན་བསྡུར་སྟེང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་བ་སྟེ་བྱ་དགའ་ཨང་གསུམ་པ་ཐོབ།
         ཐེངས་འདིའི་འགྲན་བསྡུར་སྟེང་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་སློབ་ཆེན་མང་པོ་ཞུགས་ཡོད་པ་སྟེ། ཞང་ཀང་སློབ་གྲྭ་ཆེན་མོ་དང་། ཞང་ཀང་རྒྱ་ཡིག་སློབ་ཆེན།ཆིན་ཧྭ་སློབ་ཆེན།  པེ་ཅིང་རྒྱལ་ཕྱིའི་སྐད་རིགས་སློབ་གླིང་།  ཨོ་མིན་སློབ་ཆེན།  ཀྲིས་ཅང་སློབ་ཆེན།  ཏ་ལེན་རྒྱལ་ཕྱིའི་སྐད་རིགས་སློབ་གླིང་།ཞི་ཨན་ཨོ་ཡ་སློབ་གླིང་སོགས་མིང་དུ་གྲགས་པའི་མཐོ་རིམ་སློབ་ཆེན66ལྷག་དང་།  ཁོ་རེ་ཡ་དང་ཐེ་ལན་རྒྱལ་ཁབ་ཀྱི་འགྲན་རྩལ་པའང་གདན་འདྲེན་ཞུས་ཡོད་པ་རེད། 
         འགྲན་བསྡུར་སྟེང་།  བཀྲ་ཤིས་དགེ་ལེགས་ཀྱིས་བོད་ལྭ་གྱོན་ཏེ་བག་ལྷོད་ངང་གར་སྟེགས་སུ་གང་ནུས་ཅི་ཐུབ་ཀྱིས་སྦྱངས་སྟོབས་བྱས་པའི་ཤེས་བྱ་ཕྱིར་མངོན་ཞིང་།མི་རིགས་ཀྱི་ཁྱད་ཆོས་དོད་ཅིང་གསལ་ལ་དག་པའི་དབྱིག་ཡིག་སྒྲ་གདངས་དང་།  འབུར་དུ་ཐོན་པའི་བརྗོད་དོན་བཅས་ཀྱིས་ཡུལ་དངོས་ཀྱི་རྣམ་པ་དེ་མུར་ལྷིང་འཇགས་གེར་བྱས་ནས་དཔྱད་འདེམས་པ་རྣམས་དང་ནང་སྒོས་སུ་པེ་ཅིང་སྐད་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལི་ཡན་མེ་ཡིས་གདེང་འཇོག་ཆེན་མོ་ཐོབ།  འགྲན་རྩོད་པ32ཕན་ཚུན་ལ་ཛ་དྲག་གི་འགྲན་རྩོད་བརྒྱུད།བཀྲ་ཤིས་དགེ་ལེགས་ཀྱིས་གཟེངས་སུ་ཐོན་པའི་རང་སྟེང་གི་ཤེས་ཡོན་ཁྱད་ཆོས་མངོན་ནས་རྒྱལ་ཡོངས་དབྱིན་ཡིག་འགྲན་བསྡུར་གྱི་བྱ་དགའ་ཨང་གསུམ་པ་བླངས་ཤིང་།མཐར་ཁོས་རང་འགུལ་སྒོས༼སེམས་ཀྱི་མ་ཎི༽ཞེས་པའི་བོད་ཀྱི་གླུ་གཞས་ཤིག་རྒྱ་ཆེ་བའི་དཔྱད་འདེམས་པ་དང་འགྲན་ཞུགས་པ་རྣམས་ཀྱི་སྙན་ལམ་དུ་ཕུལ་པ་རེད།


  • ལེ་ཚན་སྔོན་མ།:༼གེ་སེར༽ཞིབ་འཇུག་གྲུབ་འབྲས་དཔྱད་འདེམས་བྱ་དགའི་བྱ་འགུལ་སྤེལ་རྒྱུ་ཡིན།
  • ལེ་ཚན་རྗེས་མ།:མིང་དུ་གྲགས་པའི་གླུ་བ་ཡར་དུང་གིས་གློག་བརྙན་ཕབ་སྐྲུན་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།