བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་དངོས་སུ་པར་དུ་བསྐྲུན།

གངས་དབང་གིས།        2012-04-11

བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་དངོས་སུ་པར་དུ་བསྐྲུན།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བློ་སེམས་གཅིག་སྒྲིམ་གྱིས་རྩོམ་སྒྲིག་བྱས་པའི་བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་དངོས་སུ་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས།ཉེ་བའི་ལོ་ངོ་ཁ་ཤས་རིང་ལ་སློབ་ཆེན་དང་སློབ་གླིང་སོ་སོ་ཡིས་བོད་ཀྱི་འབུམ་རམས་པའི་སློབ་མ་ཕུལ་དུ་བྱུང་བ་མང་པོ་གསོ་སྐྱོང་བྱས་ཡོད།དེ་དག་ལས་མང་ཆེ་ཤོས་ནི་ཞིབ་འཇུག་ཁྱབ་ཁོངས་ནང་གི་མཆོག་ཏུ་གྱུར་ཏེ་དཔྱད་རྩོམ་གྱི་རིགས་གཞུང་རང་བཞིན་དང་ཆེད་ལས་རང་བཞིན།སྔོན་དཔག་རང་བཞིན་བཅས་ཀྱི་ཐད་ལ་ཚང་མས་དགའ་བསུ་དང་དང་ལེན་བྱས་དང་བྱེད་བཞིན་ཡོད་པས་རང་རྒྱལ་གྱི་བོད་རིག་པའི་བྱ་གཞག་ལ་གསོན་ཤུགས་གསར་པ་སྣོན་པ་རེད།ཐེངས་འདིའི་བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་ནི་རིན་ཆེན་རྒྱལ་གྱིས་བརྩམས་པའི་སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་དོན་ལ་དཔྱད་པ་ཞེས་པ་དང་གཡང་མེར་གྱིས་བརྩམས་པའི་བོད་ལུགས་གསོ་རིག་གི་གཉེན་པོ་དཔྱད་ཀྱི་ཆ་བྱད་ཞིབ་འཇུག་ཅེས་པ་དེ་ཡིན།
ཤེས་རྟོགས་བྱུང་བ་ལྟར་ན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་མུ་མཐུད་དེ་བོད་ཀྱི་ལོ་རྒྱུས་དང་བཅའ་ཁྲིམས།རྩོམ་རིགདམངས་སྲོལ།ནང་བསྟན་སོགས་དང་འབྲེལ་བའི་བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས་པར་སྐྲུན་བྱ་རྒྱུ་རེད།
 

 

  • ལེ་ཚན་སྔོན་མ།:“འགན་ལེན་གསུམ”གྱི་སློབ་གསོས་བོད་ལྗོངས་ཀྱི་སློབ་མ་ཁྲི50ལྷག་ཙམ་ལ་ཕན་པ་བསྐྲུན་པ།
  • ལེ་ཚན་རྗེས་མ།:ཡུན་ནན་བདེ་ཆེན་གྱི་དམངས་ཁྲོད་འབའ་གཞས་གླུ་ཚིག《གཤོག་རྩལ་ངོམ་པའི་གངས་རི》འགྲེམ་སྤེལ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།