《བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིག་ཆ་བདམས་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-04-11

《བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིག་ཆ་བདམས་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།
དགེ་རྒན་གྱི་ཁྲིད་གཞི་བསླབ་དེབ།

   ཉེ་ལམ།  མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་རིག་པའི་སྡེ་ཁག་གིས་འདེམས་བསྒྲིགས་བྱས་པའི་མཚོ་སྔོན་ས་ཁུལ་གྱི་བསླབ་གཞི《བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིག་ཆ་འདེམས་བསྒྲིགས》གཅེས་བསྡུས་དེ་ཀྲུང་གོའི་བོད་རིག་པའི་པར་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་ཞིང་།  འདིར་བསྡོམས་པས་དེབ10ཡོད་པ་རེད།
          བསླབ་གཞི་གཅེས་བསྡུས་འདི་ནི་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་རིག་པའི་སྡེ་ཁག་གི་རྐང་འཛིན་དགེ་རྒན་རྣམས་ཀྱིས་ལྷན་དུ་རྩོམ་སྒྲིག་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན་ཞིང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་མིའི་ཀུན་སྤྱོད་འདུ་ཤེས་དང་། སྲོལ་རྒྱུན་མཛེས་རིས། སྲོལ་རྒྱུན་ལག་ཤེས། གླུ་གར་རིག་གནས།
སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང་འཕེལ་རྒྱས་འདུ་ཤེས་སོགས་ནང་དོན་འདུས་པའི་ཡིག་ཆ་འདེམས་བསྒྲིགས་བྱས་པ་ཞིག་ཡིན། 

《བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིག་ཆ་བདམས་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།
སློབ་མའི་བསླབ་གཞི།

《བོད་ཀྱི་ཀུན་སྤྱོད་འདུ་ཤེས་ཀྱི་ཡིག་ཆ་འདེམས་བསྒྲིགས》དང་། 《བོད་ཀྱི་སྲོལ་རྒྱུན་མཛེས་རིས་ཀྱི་ཡིག་ཆ་འདེམས་བསྒྲིགས》། 《བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཀྱི་ཡིག་ཆ་འདེམས་བསྒྲིགས》། 《བོད་ཀྱི་དམངས་ཁྲོད་གླུ་གར་གྱི་ཡིག་ཆ་འདེམས་བསྒྲིགས》། 《བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་སྐྱོང་འཕེལ་རྒྱས་འདུ་ཤེས་ཀྱི་ཡིག་ཆ་འདེམས་བསྒྲིགས》སོགས་དགེ་རྒན་གྱི་ཁྲིད་གཞི་དང་སློབ་མའི་སྦྱང་དེབ་སོ་སོར་དེབ5ཡོད།
          འདིས་བོད་ཁུལ་གྱི་ཕུན་སུམ་ཚོགས་པའི་མི་རིགས་སྲོལ་རྒྱུན་རིག་གནས་དང་མི་རིགས་དམངས་སྲོལ་སོགས་བསླབ་གཞིའི་ཐོན་ཁུངས་སྔོག་འདོན་བྱས་ཏེ་སློབ་མའི་བསམ་པའི་དཔལ་ཡོན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད།  སློབ་མའི་དགའ་ཕྱོགས་ཀྱི་ཁྱབ་རྒྱ་ཆེ་རུ་བསྐྱེད་པ་རེད། དེ་མིན་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་འཚོལ་ཞིབ་དང་ལེགས་སྒྲིག་བྱེད་པ་དང་། མི་རིགས་ས་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་སྐུལ་འདེད་ཀྱི་ནུས་བ་ཆེན་པོ་ཐོན།


 

  • ལེ་ཚན་སྔོན་མ།:ན་གཞོན་འཁྲབ་ཁྲིད་པ་པདྨ་ཚེ་རིང་གི་གློག་བརྙན་པེ་ཅིན་སློབ་ཆེན་པའི་གློག་བརྙན་དུས་ཆེན་དུ་ཚུད་པ།
  • ལེ་ཚན་རྗེས་མ།:ལྗོན་ཤིང་ཚེ་ཐར་དུ་གཏོང་བ་ལས་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།