《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ལེགས་སྒྲིག་པར་སྐྲུན་བྱེད་འགོ་བརྩམས།
བདེ་ཆེན་མཚོ། མཚོ་སྔོན་པོ་དྲ་བ། 2012-03-29
ཉེ་ཆར་གསེར་ཆེན་རྫོང་གིས《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ལེགས་སྒྲིག་པར་སྐྲུན་བྱེད་པའི་མཛད་སྒོ་བསྡུས་ཤིང་།དེས་གསེར་ཆེན་རྫོང་གིས་ཁྱད་ཆོས་ལྡན་པའི་རིག་གནས་མཚོན་རྟགས་བསྐྲུན་པའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་མཚོན་ཐུབ་པ་རེད།སུམ་པ་ཡེ་ཤེས་དཔལ་འབྱོར(1704ལོ་ནས1787ལོ)ནི་མཚོ་སྔོན་པོའི་ཉེ་འགྲམ་སྟེ་གསེར་ཆེན་རྫོང་ཐེ་གེ་ཡུལ་ཚོའི་ཐོ་ལི་སྡེ་བར་འཁྲུངས་པ་ཡིན་ཞིང་།བྱང་གི་དགོན་ཆེན་བཞིའི་ཡ་གྱལ་ཏེ་དགོན་ལུང་བྱམས་པ་གླིང་གི་བླ་མ་ཡིན་པ་རེད།ཁོང་ནི་ནང་དོན་རིག་པ་དང་།གསོ་བ་རིག་པ།སྐར་རྩིས།སྙན་ངག་སོགས་ཀྱི་རིག་བྱེད་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས་པའི་བོད་ཀྱི་མཁས་པ་ཆེན་མོ་ཞིག་ཡིན་ལ།ཁོང་གིས་རིག་གནས་ཆེ་ཆུང་བཅུ་དང་འབྲེལ་བའི་བརྩམས་ཆོས་ཁག9དང་པོ་ཏི89ལྷག་བརྩམས་ཡོད་པས་བོད་ཀྱི་རིག་གནས་དང་ལོ་རྒྱུས་ཞིབ་འཇུག་བྱེད་པར་མཛད་རྗེས་བླ་ན་མེད་པ་བསྐྲུན་ཡོད།དེ་བས་ཁོང་གི་བརྩམས་ཆོས་ལེགས་སྒྲིག་དང་པར་སྐྲུན་བྱེད་པ་འདིར་མི་རིགས་ཀྱི་རིག་གནས་འཛིན་སྤེལ་དང་།ཁྱད་ཆོས་ལྡན་པའི་རིག་གནས་མཚོན་རྟགས་བསྐྲུན་པ།དེར་མ་ཟད་གསེར་ཆེན་རྫོང་གི་སྲོལ་རྒྱུན་རིག་གནས་སྤུས་ཚད་མཐོ་རུ་འདེགས་པ་སོགས་སུ་ལོ་རྒྱུས་ཀྱི་དོན་སྙིང་དང་དོན་དངོས་ཀྱི་རིན་ཐང་དོད་པོ་ལྡན་ནོ། །