ནུབ་བྱང་མི་རིགས་སློབ་ཆེན་དུ་ཏུང་ཧོང་དང་དར་སྐུད་ཚོང་ལམ་ཞེས་པའི་རིག་གཞུང་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-03-23

ནུབ་བྱང་མི་རིགས་སློབ་ཆེན་དུ་ཏུང་ཧོང་དང་དར་སྐུད་ཚོང་ལམ་ཞེས་པའི་རིག་གཞུང་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ།

           ཞིབ་འཇུག་པ་ལུའུ་ཡུན་ཙིན་གྱིས་ཏུང་ཧོང་དང་དར་སྐུད་ཚོང་ལམ་ཞེས་པའི་རིག་གཞུང་འཆད་ཁྲིད་བྱེད་པ།
ཟླ3པའི་ཚེས16ཉིན་གྱི་ཕྱི་དྲོ།  ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་གླིང་གིས་ཏུང་ཧོང་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ལུའུ་ཡུན་ཙིན་གདན་འདྲེན་ཞུས་ཏེ་ཕྱོགས་བསྡུས་ཐོག་ཁང་གི་སློབ་ཁང401ཏུ་ཏུང་ཧོང་དང་དར་སྐུད་ཚོང་ལམ་ཞེས་པ་བརྗོད་བྱར་བཟུང་བའི་རིག་གཞུང་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ་ཞིང་།  དགེ་རྒན་ཆེན་མོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཐེངས་འདིའི་འཆད་ཁྲིད་མདོ་འཛིན་མཛད།ཁོང་གིས་གཙོ་ཆེར་རྒྱ་གར་གྱི་བྷར་ཧུ་ཐི་དང་། སཱང་ཁེའི་མཆོད་རྟེན་ཆེན་མོ།  ཅཱན་ཐོ་ལོ། མཱ་ཐུ་ར་སོགས་རིག་དངོས་འགངས་ཆེན་དག་གི་བཟོ་དབྱིབས་ཁྱད་ཆོས་དང་།  སྒྲིག་གཞི།  བཟོ་བཀོད་རྒྱུ་ཆ་བཅས་ཀྱི་ཐད་ནས་ཕྲ་ཞིང་ཞིབ་པར་མཚམས་སྦྱོར་བྱས་པ་མ་ཟད།  ཀྲུང་གོའི་ཏུང་ཧོང་བརྐོས་རིས་སྐུ་གཉེན་ལ་དཔྱད་བསྡུར་དང་།  རྒྱ་གར་གྱི་རྡོ་བྲག་དགོན་ཏེ་ཨ་ཅང་ཐོའོ་རྡོ་བྲག་དགོན་དང་།ཨེ་ལོ་ལཱ་རྡོ་བྲག་དགོན་སོགས་ཀྱི་སྒྲིག་བཀོད་རྣམ་པ་དང་རིག་གནས་སོ་སོ་ཕན་ཚུན་མཐུན་སྦྱོར་ངང་མཚོན་ཡོད་པའི་མཛེས་རྩལ་གྱི་སྣང་བརྙན་ཞིབ་བརྗོད་བྱས།དེ་མིན་ཇུས་འགོད་རྣམ་པ་དང་།  འཛུགས་སྐྲུན་གྱི་ཁྱབ་རྒྱ།   རིས་བརྐོས་སྒྱུ་རྩལ་སོགས་གང་གི་ཐད་ནས་ཀྱང་རྒྱ་གར་སྒྱུ་རྩལ་ལོ་རྒྱུས་སྟེང་གི་གཅེས་ནོར་ཡིན་པར་ངོ་སྤྲོད་བྱས་ཤིང་།  རིག་དངོས་འདི་དག་མཚོན་ཐབས་ཀྱི་རྣམ་པ་བརྒྱུད་དེ་སངས་རྒྱས་ཀྱི་སྐུ་འཁྲུངས་བ་དང་།  སྒྲུབ་སྒོམ།  གསུང་གནང་།  སྐུ་མྱ་ངན་ལས་འདས་པ་སོགས་ཀྱི་གཏམ་རྒྱུད་བརྗོད་ཡོད་ཅིང་།  ལོ་སྟོང་གཉིས་ལྷག་གི་དུས་ཡུན་བརྒྱུད་ཡོད་ནའང་མིག་སྔར་ད་དུང་ཅུང་ཆ་ཚང་བའི་ངང་སྔར་གྱི་རྣམ་པ་མངོན་ཡོད་སྟབས་རིན་ཐང་གཞལ་དུ་མེད་པའི་ཁྱད་ནོར་ཞིག་ཡིན་པར་བཤད་ལ།  སྒྱུ་རྩལ་གྱི་ཐད་ནས་ཀྱང་རྒྱ་གར་རང་གི་གཞི་རྩའི་སྒྱུ་རྩལ་སྲུང་འཛིན་བྱས་པའི་སྟེང་སྟག་གཟིག་དང་།  ཏཱ་ཤ   ཀེ་རི་སེ་སོགས་ཕྱི་ཕྱོགས་ཀྱི་སྒྱུ་རྩལ་ཟུང་འབྲེལ་བྱས་པའི་ཁར་རྒྱ་གར་དུ་འདི་ལྟ་བུའི་སྒྱུ་རྩལ་ལ་ནཱ་རན་ཁྲོའོ་སྒྱུ་རྩལ་ཞེས་ཟེར་གྱི་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་བོད་སྨན་ཁང་གི་རྒྱ་བསྐྱེད་བསྐྱར་སྐྲུན་བཟོ་བཀོད་འགོ་བརྩམས།
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་གྱི《དབུགས་ལྒང》ཞེས་པར་ཞང་ཀང་ཡ་གླིང་གློག་བརྙན་དངུལ་གཏོང་ཚོགས་འདུའི་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།