བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་གྱི་སློབ་མའི་འགན་གཙང་ལེན་གསུམ་གྱི་ཚད་གཞི་གསར་པ་ལག་བསྟར་བྱས།

མིག་དམར་གྱིས་བསྒྱུར།        2014-10-10

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ9པའི་ཚེས1ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ནས་བཟུང་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་སོ་སོས་སློབ་མ་ལ་འགན་གཙང་ལེན་གསུམ་གྱི་ཚད་གཞི་གསར་པ་ལག་བསྟར་བྱས། བྱེད་ཐབས་འདི་ནི་བོད་ལྗོངས་ཀྱིས་ཉེ་བའི་ལོ30ཡི་ནང་འགན་གཙང་ལེན་གསུམ་གྱི་ཚད་གཞི་མཐོ་རུ་གཏོང་ཐེངས14ཡིན་པ་དང་བོད་ལྗོངས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི52ལ་ཕན་པ་ཐོབ་པ་རེད།བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མར་ཧྲེང་ཁྲང་གིས་ངོ་སྤྲོད་བྱས་དོན།2014ལོའི་སྟོན་དུས་ཀྱི་སློབ་འགོ་བཙུགས་པ་ནས་བཟུང་།བོད་ལྗོངས་ཀྱི་འགན་གཙང་ལེན་གསུམ་གྱི་འགྲོ་གྲོན་ཚད་གཞི་དེ་རིམ་པ་གཉིས་པའི་ས་ཁུལ་གྱི་སློབ་མ་རེར་ལོ་རེ་ལ་སྒོར2800དང་རིམ་པ་གསུམ་པའི་ས་ཁུལ་གྱི་སློབ་མ་རེར་ལོ་རེ་ལ་སྒོར2900རིམ་པ་བཞི་པའི་ས་ཁུལ་དང་མཐའ་མཚམས་སུ་ཆགས་པའི་རྫོང་གི་སློབ་མ་རེར་ལོ་རེར་སྒོར3000བཅས་ལ་ཟིན་པ་རེད།དེའི་ནང་མ་དངུལ་བརྒྱ་ཆ90དེ་སློབ་མའི་བཟའ་བཅའི་ཐད་སྤྱོད་རྒྱུ་ཡིན་པ་རེད། 1985ལོ་ནས་བཟུང་། བོད་ལྗོངས་ཞིང་འབྲོག་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ལ་འགན་གཙང་ལེན་གསུམ(བཟའ་རྒྱུ་དང་སྡོད་ཁང་།སློབ་སྦྱོང་གི་འགྲོ་གྲོན)དང་སློབ་དངུལ་རོགས་སྐྱོར་ལམ་ལུགས་ལག་བསྟར་བྱས་པ་རེད། མིག་སྔར། འོས་འགན་སློབ་གསོའི་འགན་གཙང་ལེན་གསུམ་གྱི་སྲིད་ཇུས་ལོ15བར་རིང་དུ་བཏང་བས། སློབ་ལོར་མ་སོན་གོང་གི་ལོ་གསུམ་གྱི་བྱིས་པའི་སློབ་གསོ་ནས་མཐོ་འབྲིང་དང་འབྲིང་རིམ་ལས་རིགས་དུས་རིམ་བར་གྱི་ཞིང་འབྲོག་པའི་བུ་རྒྱུད་དང་གྲོང་རྡལ་ཅན་གྱི་དཀའ་ངལ་ཡོད་པའི་བུ་རྒྱུད་ཡོད་ཚད་ལ་ཁྱབ་ཡོད་པ་རེད།འགན་གཙང་ལེན་གསུམ་ནང་གི་ཉིན་གཅིག་གི་ཟ་ཐུན་གསུམ་ཕུད་པའི་བོད་ལྗོངས་ཀྱིས2012ལོའི་སྟོན་དུས་ཀྱི་སློབ་འགོ་བཙུགས་པ་ནས་བཟུང་།ལྗོངས་ཡོངས་སུ་རྫོང་དང་གྲོང་ཁྱེར།ཆུས་བཅས74ཡི་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་ཡོངས་ལ་ཁྱོན་ཡོངས་ནས་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིའི་ལས་དོན་སྤེལ་ཡོད།མིག་སྔར།ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་བཟའ་བཅའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དེ་སློབ་མ་རེར་ཉིན་གཅིག་ལ་སྒོར3ཡོད་ཅིང་།ས་གནས་ཁག་གིས་དངོས་ཡོད་དང་འབྲེལ་ནས་ཡུལ་བབ་དང་བསྟུན་པའི་སྒོ་ནས་ཤ་དང་སྒོ་ང་། འོ་མ། སྔོ་ཚལ། ཤིང་ཏོག་བཅས་ཚན་རིག་དང་མཐུན་པའི་སྡེབ་སྒྲིག་བྱེད་པ་གཙོ་གནད་དུ་བཟུང་ནས་འོས་འཚམ་གྱིས་འཚོ་བཅུད་ལྡན་པའི་བཟའ་བཅའི་ཚད་གཞི་གཏན་འབེབས་བྱས་ཏེ་སློབ་མའི་འཚོ་བཅུད་སྒྲིག་གཞི་ལེགས་བཅོས་བྱས་པ་རེད། 2014ལོར། དཔྱིད་དུས་འཚོ་བཅུད་ལེགས་བཅོས་བྱེད་པའི་འཆར་གཞིའི་མ་དངུལ་གྱིས་སློབ་མ་ཁྲི20.6ལྷག་ལ་ཕན་པ་ཐོབ་ཅིང་། སྲིད་ཇུས་ཁྱབ་ཚད་བརྒྱ་ཆ100ལ་ཟིན་པ་རེད།
  • ལེ་ཚན་སྔོན་མ།:མཚོ་སྔོན་གྱིས་བཙོག་ཆུ་གཙང་སྒྱུར་བཟོ་གྲྭ་ཉི་ཤུ་བསྐྲུན།
  • ལེ་ཚན་རྗེས་མ།:ཧྥ་རན་སེའི་རྩོམ་མཁན་གྲགས་ཅན་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།