ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བོད་ཀྱི་གངས་སྐྱོན་ཕོག་ཁུལ་དུ་ཟབ་འཇུག་གིས་བཅར་འདྲི་བྱས་པ།

        2012-02-15

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བོད་ཀྱི་གངས་སྐྱོན་ཕོག་ཁུལ་དུ་ཟབ་འཇུག་གིས་བཅར་འདྲི་བྱས་པ།

ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་སྤྱི་ཟླ་2པའི་ཚེས14ཉིན་གནས་ཚུལ་འབྱོར་གསལ།སྤྱི་ཟླ2པའི་ཚེས7ཉིན་ནས་ཚེས9ཉིན་བར།བོད་ལྗོངས་གཞིས་རྩེ་ས་ཁུལ་གྱི་རྫོང12ལ་ཚད་གཞི་མི་འདྲ་བའི་གངས་ཆེན་པོའི་གནོད་འཚེ་ཐོན་པ་དང་མི་ཁྲི་ལྷག་ལ་གནོད་འཚེ་ཕོག་ཡོད།དེའི་ནང་ནས་གཉའ་ལམ་རྫོང་ནི་ད་ཐེངས་ཀྱི་གནོད་འཚེ་ཕོག་ཤུགས་ཆེ་ཤོས་ཀྱི་ས་ཆའི་གྲས་ཤིག་ཡིན་པ་དང་ས་ཆའི་ནང་ཁོངས་ཀྱི་རྒྱལ་ལམ་318ཀྲུང་ནེའི་གཞུང་ལམ་གྱི་གཉའ་ལམ་རྫོང་གྲོང་ནས་འགྲམ་འགག་སྒོའི་བར་གྱི་སྤྱི་ལེ30ཡི་གཞུང་ལམ་དུམ་བུའི་སྟེང་།གངས་གསོག་ཐེབས་ཚད་མཐུག་ཤོས་ལ་སྨི7ཟིན་པ་མ་ཟད་རི་མཐོ་ལ་གྲོག་རོང་ཟབ་ཅིང་གཞུང་ལམ་ཉེན་ཁ་ཆེ་ལ་ཁྱག་ཁྱོག་ཆེ་བས།གཞུང་ལམ་མྱུར་བཟོ་བྱེད་སྐབས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་པ་དང་།རྒྱལ་སྤྱིའི་ཐད་གཏོང་གཞུང་ལམ་དེར་གནོད་འཚེ་ཐོན་པ་ནས་ད་ལྟའི་བར་འགྲུལ་བཞུད་བྱེད་མཚམས་ཆད་པའི་གནས་ཚུལ་ཐོན་ཡོད།
 
 

  • ལེ་ཚན་སྔོན་མ།:སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས།
  • ལེ་ཚན་རྗེས་མ།:བོད་ལྗོངས་གཉའ་ལམ་ནས་འགྲམ་གྲོང་རྡལ་བར་གྱི་གངས་ཀྱིས་འགག་པའི་གཞུང་ལམ་ཤར་གཏོང་བྱེད་ཡུལ་གྱི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།