བོད་ལྗོངས་སུ་འཛམ་གླིང་གི་ས་བབ་ཆེས་མཐོའི་ལྕགས་རྟ་འགྲན་རྒྱུག་སྤེལ་བ།

བདེ་ཆེན་མཚོ།        2014-10-08

 བོད་ལྗོངས་སུ་འཛམ་གླིང་གི་ས་བབ་ཆེས་མཐོའི་ལྕགས་རྟ་འགྲན་རྒྱུག་སྤེལ་བ།

  ཟླ10པའི་ཚེས1ཉིན། འཛམ་གླིང་གི་ས་བབ་ཆེས་མཐོའི་ལྕགས་རྟ་འགྲན་རྒྱུག་དེ་ལྷ་སའི་ཡངས་པ་ཅན་གྱི་ཤོག་བུ་ལ་རུ་བསྡུས་ཤིང་།  རྒྱལ་ཡོངས་ཀྱི་འགྲན་ཞུགས་པ་མི80ཐེངས་འདིའི་འགྲན་སྡུར་དུ་ཞུགས་ཡོད་པ་རེད།
བོད་ལྗོངས་སུ་ཀླུ་ནང་བསྐོར་བའི་ལྕགས་རྟ་འགྲན་རྒྱུག་དང་། ཡར་འབྲོག་གཡུ་མཚོ་བསྐོར་བའི་ལྕགས་རྟ་འགྲན་རྒྱུག  བྲག་གསུམ་མཚོ་བསྐོར་བའི་ལྕགས་རྟ་འགྲན་རྒྱུག་སོགས་འགྲན་སྡུར་ཐེངས་མང་པོར་སྤེལ་ཡང་།ཐེངས་འདིར་སྤེལ་བའི་ལྕགས་རྟའི་འགྲན་རྒྱུག་ནི་འཛམ་གླིང་གི་ས་བབ་ཆེས་མཐོ་བའི་ལྕགས་རྟ་འགྲན་རྒྱུག་ཡིན་པ་སྟེ།རྒྱུག་ལམ་དེ་མཚོ་ངོས་ལས་མཐོ་ཚད་ལ་སྨི4300ཡོད་པའི་ལྷ་སའི་ཡངས་པ་ཅན་ནས་མཚོ་ངོས་ལས་མཐོ་ཚད་ལ་སྨི5010ཡོད་པའི་ཤོག་བུ་ལའི་ཉག་གའི་བར་ཡིན་ལ། ལམ་ཐག་ཡོངས་སུ་སྤྱི་ལེ42ཡོད་པ་རེད།

  • ལེ་ཚན་སྔོན་མ།:རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པའི་རྗེས་དྲན་ཚོགས་འདུ་བསྡུས།
  • ལེ་ཚན་རྗེས་མ།:གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་སྲུང་སྐྱོང་ཞིག་གསོ་ལས་གཞི་ཡོངས་སུ་མཇུག་རྫོགས།
  • དོ་སྣང་ཆེ་བའི་རྩོམ།