སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས་ཁྱིམ་སྤྱོད་གློག་ཆས་ཁྲི་ལྷག་གཞི་རིམ་དུ་བསྐྱལ་ཏེ་མང་ཚོགས་ལ་ཕན་བཏགས་པ།
ཀྲུང་གོ་བོད་ཀྱི་དྲ་བ། 2011-11-29
སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་གཟི་ཚ་སྡེ་དགུ་རྫོང་གིས་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱལ་བའི་བྱ་འགུལ་གྱི་སྲིད་ཇུས་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་བཏང་ནས། འཛད་སྤྱོད་སྟབས་བདེ་ཅན་དང་། ཚད་དང་ལྡན་པའི་སྒོ་ནས་ལས་གཉེར་བྱེད་པ། གྲངས་ཀར་ཚོད་འཛིན་བྱེད་པ། གནད་ས་གསོ་སྐྱོང་བྱེད་པའི་རྩ་དོན་ལྟར། ས་ཆ་མང་པོ་ནས་ཕྱིར་འཚོང་བྱེད་པའི་དོ་དམ་བྱ་བར་དངོས་སུ་ཤུགས་སྣོན་དང་། ཁ་གསབ་མ་དངུལ་དུས་ལྟར་བྱིན་ནས། ཞིང་སྡེའི་མང་ཚོགས་ཀྱིས་ཁྱིམ་སྤྱོད་གློག་ཆས་ཉོ་བར་སྐུལ་སློང་བྱས། ཟླ་བཅུ་གཅིག་པའི་ཟླ་སྟོད་བར་དུ། གཟི་ཚ་སྡེ་དགུ་རྫོང་གིས་བསྡོམས་པས་ཁྱིམ་སྤྱོད་ཐོན་རྫས་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་རེ་གཅིག་གཞི་རིམ་དུ་བསྐྱལ་བ་དང་། དེའི་ནང་འཁྱགས་སྒམ་སྟོང་བཞི་དང་དགུ་བརྒྱ་གྱ་བརྒྱད་དང་། བརྙན་འཕྲིན་སྟོང་གཉིས་དང་བདུན་བརྒྱ་རེ་བཞི། ལག་འཁྱེར་ཁ་པར་ང་ལྔ། གོས་འཁྲུད་འཕྲུལ་ཆས་སྟོང་གཉིས་དང་བདུན་བརྒྱ་ཉེར་གཅིག གློག་ཀླད་བརྒྱ་དང་སོ་བརྒྱད་སོགས་ཡོད་ལ། ཕྱིར་འཚོང་གི་མ་དངུལ་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཉིས་འབུམ་བདུན་ཁྲི་བརྒྱད་ལ་བསླེབས།