ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་ལས་ཀའི་གྲོས་ཚོགས་སྐབས་བཅུ་གཉིས་པ་དེ་ཟི་ལིང་འཚོགས།

ཡེ་མིང་གིས་བྲིས།        2011-08-09

ཀྲུང་གོའི་བོད་སྐད་སྨྱན་བྱད་ཀྱི་ལས་ཀའི་གྲོས་ཚོགས་ཐེངས་སྐབས་བཅུ་གཉིས་པ་དང་མཚོ་སྔོན་བོད་ཡིག་ཚགས་པར་བཙུགས་ནས་ལོ60འཁོར་བའི་རྟེན་འབྲེལ་ཚོགས་འདུ་དེ་ཟླ་བ7པའི་ཚེས24ཉིན་ནས་ཚེས30ཉིན་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ཆང་ཝེ་ཡིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཡོང་བ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།དྲིལ་བསྒྲགས་པུའུ་ཀྲང་ཅེ་ཏི་མར་ཅ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
     ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་དང་།བོད་ལྗོངས་ཉིན་རེའི་ཚགས་ཁང་།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་།དཀར་མཛེས་ཉིན་རེའི་ཚགས་པར་ཁང་སོགས་བོད་སྐད་སྨྱན་བྱད་ལས་ཁུངས32ཀྱི་འཐུས་མི60ཚོགས་འདུའི་ཞུགས་ཡོད་པ་རེད།
     ཐེངས་འདིའི་ཚོགས་འདུ་ཡིས་བོད་སྐད་སྨྱན་བྱད་ཀྱིས་ཅི་འདྲ་བྱས་ནས་བོད་ཁུལ་གྱི་འཕེལ་རྒྱས་དང་བརྟན་བརླིང་ལ་ཞབས་ཕྱི་དེ་བས་བསྒྲུབ་རྒྱུ་དང་།བོད་སྐད་སྨྱན་བྱད་ཀྱི་ད་ཡོད་གནས་ཚུལ་དང་མདུན་ལམ།དེའི་ནུས་པ་དང་གོ་གནས།བོད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་རྒྱུ།བོད་ཀྱི་ཐ་སྙད་གསར་པ་སྒྱུར་སྟངས་གཅིག་གྱུར་བྱ་རྒྱུའི་ཐད་འཚོལ་ཞིབ་བྱས་ནས་མི་རིགས་སྐད་ཡིག་འཕེལ་རྒྱས་གཏོང་རྒྱུའི་གནད་དོན་ལ་གྲོས་བསྡུར་དང་བསམ་འཆར་སྤེལ་བྱས་པ་རེད།
     ཐེངས་འདིས་ཚོགས་འདུའི་ཐོག2009ལོའི་ཟླ་བ6པ་ནས2011ལོའི་ཟླ་བ6པའི་བར་གྱི་ལོ་གཉིས་ནང་བོད་ཡིག་སྨྱན་བྱད་ཐོག་སྤེལ་བའི་ཕུལ་བྱུང་གསར་འགྱུར་དང་།ཕུལ་བྱུང་སྒྱུར་ཡིགཕུལ་བྱུང་དཔྱད་རྩོམ་སོགས་བསྡོམས་པས་བརྩམས་ཆོས210འབྱོར་བ་རེད།ཆེད་རམས་པ་ཚོས་ནན་ཏན་གྱིས་དཔྱད་འདེམས་བྱས་པར་བརྒྱུད།ཕུལ་བྱུང་གསར་འགྱུར72དང་ཕུལ་བྱུང་སྒྱུར་རྩོམ42དང་།ཕུལ་བྱུང་དཔྱད་རྩོམ26དང་།ཕུལ་བྱུང་པར་ངོས26དང་ཕུལ་བྱུང་གཏམ་ཐུང3བཅས་བདམས་པ་རེད།ངེད་ཚགས་པ་ཁང་གིས་འོས་སྦྱོར་བྱས་པའི་བརྩམས་ཆོས28ནང་བྱ་དགའ་དང་པོ3དང་།བྱ་དགའ་ཨང་གཉིས་པ5དང་།བྱ་དགའ་ཨང་གསུམ་པ8དང་།ཕུལ་བྱུང་དཔྱད་རྩོམ5དང་ཕུལ་བྱུང་ངར་ངོས4བཅས་ལོན་པ་རེད།དེ་དང་ཆབས་ཅིག་ཉེ་དུས་བྱུང་བའི་ཐ་སྙད་གསར་པ་འགའི་སྒྱུར་སྟངས་ཐད་གཅིག་གྱུར་བྱས་པ་རེད།
     ཚོགས་འདུ་ཚོགས་རིང་ཚོགས་ཞུགས་མི་སྣ་ཚོས་ཟི་ལིང་གྲོང་ཁྱེར་དང་།མཚོ་སྔོན་ཞིང་ཆེན་བོད་སྨན་བཟོ་གྲྭཙོ་ཁ་རྫོང་།མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།མཚོ་ལྷོ་བོད་རང་སྐྱོང་ཁུལ།ཁྲི་ཀ་བཅར་འདྲི་དང་ལྟ་སྐོར་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གོ་བོད་རིག་པའི་ཆེད་མཁས་དང་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་དགེ་སློབ་རྣམས་དང་བཞུགས་མོལ་བྱས་པ།
  • ལེ་ཚན་རྗེས་མ།:གཡང་དྲུང་རྒྱལ་གྱི་ཆེད་སྒྲིག་བརྙན་འཁོར་གསར་བ«གསང་བ་ལྟ་བུའི་བོད»ཅེས་པ་ཡོངས་སུ་ཕབ་སྐྲུན་ལེགས་འགྲུབ་བྱུང
  • དོ་སྣང་ཆེ་བའི་རྩོམ།