ཞི་ཅིན་ཕེན་གྱིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-05-27

ཞི་ཅིན་ཕེན་གྱིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་མཛད་པ།

          སྤྱི་ཟླ5བའི་ཚེས21ནས་ཚེས23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་སི་ཁྲོན་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་མཛད་པ་དང་། གནོད་ཐེབས་མང་ཚོགས་ལ་སྐོར་བརྒྱབ།

ཞི་ཅིན་ཕེན་གྱིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་མཛད་པ།

འདི་ནི་སྤྱི་ཟླ5བའི་ཚེས21ཉིན་གྱི་དགོང་མོར། ཞི་ཅིན་ཕེན་གྱིས་སྦྲ་གུར་ནང་དུ་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་གྲོས་ཚོགས་བསྡུ་བའི་ཚུལ་རེད།

ཞི་ཅིན་ཕེན་གྱིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་མཛད་པ།

                                                               འདི་ནི་སྤྱི་ཟླ5བའི་ཚེས21ཉིན། ཞི་ཅིན་ཕེན་གྱིས་ལུའུ་ཧྲན་རྫོང་ཆིན་ལུང་ཞང་ལུང་དབྱང་སྡེ་བའི་ཞིང་ཁ་ནས་མ་རྨོས་ལོ་ཏོག་འདེབས་བཞིན་པའི་སྡེ་དམངས་དང་བྱམས་བརྩེ་ངང་གླེང་མོལ་མཛད་པའི་ཚུལ་རེད།

ཞི་ཅིན་ཕེན་གྱིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་དུ་རྟོག་ཞིབ་མཛད་པ།

                                                             འདི་ནི་སྤྱི་ཟླ5བའི་ཚེས21ཉིན། ཞི་ཅིན་ཕེན་གྱིས་ལུའུ་ཧྲན་རྫོང་ལུས་རྩལ་ཁང་དུ་བཀོད་སྒྲིག་བྱས་པའི་རས་གུར་ཞིག་གི་ནང་དུ་གནོད་ཐེབས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་འདྲི་བཞིན་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ5བའི་ཚེས21ཉིན་ནས23ཉིན་བར་སི་ཁྲོན་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་གྱི་གནོད་ཐེབས་མང་ཚོགས་ལ་ཁམས་འདྲི་དང་། ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་ཐུགས་རེ་གསལ་བོ་བཏོན། ཁོང་གིས་ལུའུ་ཧྲན་ས་འགུལ་དྲག་པོའི་ཉེན་སེལ་རྒུད་སྐྱོབ་དུས་སྐབས་ཀྱི་བྱ་བའི་ཐད་ནས་རྒྱལ་ཁ་ཆེན་པོ་བླངས་མོད། འོན་ཀྱང་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་ལས་འགན་སྔར་བཞིན་ཧ་ཅང་ལྗིད་བས། རླབས་ཆེ་བའི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨས་མར་གསོ་བཅོས་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་ལེགས་པོ་བྱེད་པ། ཚན་རིག་ལྟར་གནོད་འཚེ་རྗེས་ཀྱི་སླར་གསོ་དང་བསྐྱར་བསྐྲུན་བྱ་བར་བཀོད་སྒྲིག་བྱས་ཏེ། གནོད་ཐེབས་མི་དམངས་སྔ་མོ་ནས་གནོད་འཚེའི་སྡུག་བསྔལ་ལས་ཐབ་བར་བྱེད་པ་དང་། བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

  རྟོག་ཞིབ་བྱེད་སྐབས། ཞི་ཅིན་ཕེན་གྱིས་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། སི་ཁྲོན་གྱི་ཉེ་བའི་ལོ་འགའི་བྱ་བར་ཁས་ལེན་གང་ལེགས་མཛད། ཁོང་གིས་དེང་སྐབས་ས་འགུལ་གནོད་སེལ་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་པའི་མཚུངས་སུ། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཞེས་པའི་ལས་འགན་དང་པོ་དམ་འཛིན་དང་། ཞིང་གསུམ་བྱ་བ་ངེས་པ་དོན་གྱིས་ལེགས་སྒྲུབ་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བར་འགན་སྲུང་དང་ལེགས་བཅོས་བྱེད་པར་བརྩོན་པ་ལྷོད་མེད་བྱས་ཏེ། ས་འགུལ་གནོད་སེལ་རྒུད་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་གཉིས་དམ་འཛིན་བྱེད་དགོས་ཞེས་བསྟན་པར་མ་ཟད། གནོད་འཚེ་དང་གོད་ཆག་ཆེན་པོ་ནི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་དུས་སྐབས་དང་། ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་སྦྱོང་བརྡར་དང་མཐོར་འདེགས་གཏོང་བའི་དུས་སྐབས་ཀྱང་ཡིན་པས། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་སྤྱི་ཁོག་གི་ནུས་པ་ཇེ་ཆེར་གཏོང་བར་ཁྲིད་སྟོན་དང་། ཏང་ཡོན་ལས་བྱེད་པའི་བསམ་བློའི་ཆབ་སྲིད་བྱང་ཚད་ཇེ་མཐོར་གཏོང་བ་དང་། རང་རྟོག་གིས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་སློབ་གསོ་གཏོང་བ། གང་དུ་ཉེན་ཁ་དང་དཀའ་ཁག་ཡོད་ན། དེ་རུ་གུང་ཁྲན་ཏང་ཡོན་ཡོད་པར་བྱེད་དགོས་ཞེས་ནན་གྱིས་བསྟན།  །

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་དང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ཀྲ་ཨེར་ཏ་ལིས་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་མའོ་ལེ་ཨར་ལ་གྲོས་མོལ་མཛད་པ།
  • དོ་སྣང་ཆེ་བའི་རྩོམ།