ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལྕགས་ལམ་པུའུ་ཡི་བརྡ་ཐོའི་རེ་བ་ལྟར། 2011ལོའི་ཟླ3པའི་ཚེས9ཉིན་གྱི་དུས་ཚོད24སྟེང་ནས་བཟུང་ཟི་ལིང་མེ་འཁོར་ས་ཚིགས་ནས་གཏོང་བའི་མེ་འཁོར་དང་ཟི་ལིང་དུ་ཡོང་པའི་མེ་འཁོར་སོགས་ཚང་མ་ཟི་ལིང་གི་མེ་འཁོར་ས་ཚིགས་ནུབ་མར་སོང་ནས་འགྲུལ་སྐྱེལ་བྱ་བ་བསྒྲུབ་རྒྱུ་ཡིན་པ་དང་། དེ་དང་མཉམ་དུ་ཟི་ལིང་མེ་འཁོར་ས་ཚིགས་ཀྱི་འབྲེལ་ཡོད་འགྲུལ་སྐྱེལ་བྱ་བ་གནས་སྐབས་སུ་མཚམས་འཇོག་རྒྱུ་རེད། ཟླ2པའི་ཚེས28ཉིན་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་འབྲེལ་ཡོད་ཆེད་མཁས་པ་དང་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གནས་སྤོར་ཁྱིམ་ཚང་གི་འཐུས་མི། མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་འཐུས་མི་ཁ་ཤས་བཅས་རྩ་འཛུགས་བྱས་ནས་ཟི་ལིང་མེ་འཁོར་ས་ཚིགས་ཕྱོགས་བསྡུས་སྒོས་སྒྱུར་བཀོད་བྱེད་པའི་ལས་གཞིའི་བཟོ་སྐྲུན་དང་འགྲིམ་འགྲུལ་རྩ་འཛུགས་བྱེད་པའི་རིགས་སྒྲུབ་ཚོགས་འདུ་བསྡུས། །