མེ་ཏོག་རྫོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད།

(ལྷ་འཛོམས་དང་ཐུབ་བསྟན་གྱིས་བྲིས།)、        2010-12-21

མཐོ་སྒང་གི་ཁེར་ཆགས་གླིང་ཕྲན་གྱི་མིང་ཐོབ་པའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་མེ་ཏོག་རྫོང་ནི་རང་རྒྱལ་གྱི་ནང་ལོག་ས་ཁུལ་གྱི་སྲིད་འཛིན་སྒྲིག་གཞི་ཚང་བའི་རྫོང2100ཡི་ནང་ད་དུང་རླངས་འཁོར་ཤར་གཏོང་མི་ཐུབ་པའི་རྫོང་ཉག་གཅིག་ཡིན་པས།མོན་པ་རིགས་དང་ལྷོ་པ་རིགས་གཙོ་བོར་འདུས་སྡོད་བྱེད་པའི་རྫོང་ཞིག་རེད།   རྫོང་དེ་ནི་བོད་ལྗོངས་ཀྱི་ཤར་ལྷོ།རི་བོ་ཧི་མ་ལ་ཡའི་ཤར་རྒྱུད།   ཆུ་བོ་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་ཡོད་ལ།རྨོས་ཞིང་རྒྱ་ཁྱོན་མུའུ་ཁྲི2དང་ནགས་ཚལ་རྒྱ་ཁྱོན་མུའུ་ཁྲི3200བཟུང་ཡོད།མི་འབོར་བསྡོམས་པས9200ཡོད།   རྫོང་དེའི་ས་དབྱིབས་པདྨའི་མེ་ཏོག་དང་མཚུངས་པས།མེ་ཏོག་ཞེས་བཏགས།ཡུལ་དེ་གའི་དུས་བཞིའི་དྲོ་གྲང་དཔྱིད་ལྟར་སྙོམས་ཤིང་ཆར་ཆུ་འབེལ་པོ་ཡིན་ཕྱིར་མཐོ་རིམ་གྱི་རྩི་ཤིང་རིགས་སུམ་སྟོང་ལྷག་ཙམ་སྐྱེ་ཡོད་ལ།རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་དྭགས་རིགས42ཙམ་ཡོད་ལ་གཏེར་ལས་ཐོན་ཁུངས་འབེལ་པོ་ཡོད་ལ་འབྲུ་རིགས་གཙོ་བོར་འབྲས་དང་སྲན་མ་སེར་པོ།སྲིན་བལ།་ཏིལ་འབྲུ་སོགས་ཐོན་ཞིང་།ཁྱད་ཐོན་མང་ལ་ལྗོངས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པ་རེད།ཡིན་ན་ཡང་མེ་ཏོག་རྫོང་གི་ནུབ་བྱང་ཤར་ཕྱོགས་གསུམ་ལ་རི་བོ་ཧི་མ་ལ་ཡ་དང་གངས་རི་དཀར་པོས་བཀག་ཡོད་པ་དང་ །ལྷོ་ཕྱོགས་ནི་རྒྱ་གར་དང་མཚམས་འབྲེལ་ཡོད་པས།  ས་ཁོངས་ནང་གི་ཆུ་བོ་ཡར་ཀླུང་གཙང་པོ་དང་ཕ་ལུང་གཙང་པོའི་གྲོག་རོང་དུ་བརྒྱུད་བརྒལ་དཀའ་ལ།  སྔོན་དུ་མེ་ཏོག་རྫོང་དུ་སྐྱོད་ན་ངེས་པར་དུ་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་གྲུ་བཞི་མ4000ཡན་ཆད་ཀྱི་གངས་རི་དགའ་ལུང་ལ་དང་རྡོ་གཞོང་ལ་སོགས་རྒལ་དགོས་ཞིང་།མང་ཚོགས་ཀྱི་རི་གྲོང་ཕྱི་ཕྱོགས་སུ་འགྲོ་དུས་སྟབས་ཧ་ཅང་མི་བདེ་བས་དཔལ་འབྱོར་འཕེལ་རྒྱལ་གཏོང་རྒྱུར་དེ་ལས་ཀྱང་བཤད་མི་དགོས་པ་རེད།ཕྱུག་འགྱུར་དགོས་ན་ལམ་ལས་ཞེས་པ་ལྟར་དེང་སང་དགའ་ལུང་ལ་ཕུག་ལམ་ཕུག་ཚར་རྗེས་2011ལོར་མེ་ཏོག་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཡུལ་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་ཁྲིད་ངེས་རེད།
  • ལེ་ཚན་སྔོན་མ།:ཀོང་ཀྲུའུ་ལ་ཚོགས་པའི་ཡ་གླིང་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་རེད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཟློས་གར་ཁང་དབུ་བཪྙེས་ནས་ལོ་ངོ50འཁོར་བའི་སྔོན་བསུ་བྱས།
  • དོ་སྣང་ཆེ་བའི་རྩོམ།