བོད་ལྗོངས་མེ་ཏོག་རྫོང་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ།

(ལྷ་འཛོམས་ཀྱིས་བསྒྱུར།)        2010-12-20

ཟླ་བ12པའི་ཚེས1ཉིན་བོད་ལྗོངས་མེ་ཏོག་གཞུང་ལམ་དགའ་ལུང་ལའི་ཕུག་ལམ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་དེ་མཚོ་ངོས་ལས་སྨི་3700ལྷག་ཙམ་མཐོ་བའི་ཕུག་ལམ་ཁར་གཟབ་རྒྱས་ངང་སྤེལ་བ།དེ་ནས་བཟུང་ཚེ་ཚེ་རབ་རབ་དགའ་ལུང་ལ་གངས་རིས་བཀག་པའི་མེ་ཏོག་རྫོང་གི་མི་དམངས་ཚོས་རི་གྲོང་ཕྱི་ཕྱོགས་སུ་འགྲོ་མི་བདེ་བའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།ཕུག་ལམ་དེའི་རིང་ཚད་སྨི3310ཡོད་ལ་ཆ་སྙོམས་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི3700ཡོད་པ།མེ་ཏོག་གཞུང་ལམ་བཟོ་བཅོས་ཨར་ལས་ཀྱི་སྤྱིའི་རིང་ཚད་སྤྱི་ལེ117ཡོད་པ་དང་དགའ་ལུང་ལའི་ཕུག་ལམ་ནི་དེའི་གཙོ་བོའི་གྲུབ་ཆ་ཡིན་པ་རེད།
     2009ལོའི་ཟླ་བ4པའི་ཚེས20ཉིན་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར9.5བརྒྱབ་ནས་འཛུགས་སྐྲུན་བྱེད་པའི་མེ་ཏོག་གཞུང་ལམ་དེ་ལོ་གཉིས་ཀྱི་འཛུགས་སྐྲུན་བྱེད་རིང་ནང་མེ་ཏོག་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ཨར་ལས་དགའ་ལུང་ལའི་ཕུག་ལམ་དེ་བདེ་བླག་ངང་དྲུས་ཚར་བ།་དེས་ཁྱོན་ཡོངས་ནས་མེ་ཏོག་གཞུང་ལམ་འཛུགས་པ་དང་རྒྱལ་ཁབ་ཀྱི་གཞུང་ལམ་དྲ་བ་འཐུས་སྒོ་ཚང་དུ་གཏོང་བར་གོམ་པ་གལ་ཆེན་ཞིག་སྤོ་ཐུབ་ཡོད།ཚོད་དཔག་བྱེད་ན་2011ལོར་ཕུག་ལམ་དེ་སྤྱོད་ཐུབ་རྒྱུ་རེད།
བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་འདོན་སྤྲོད་བྱས་པའི་དཔྱད་ཡིག་ལ་གཞིགས་ན།ལོ་མང་རིང་ཧུར་ཐག་འབད་བརྩོན་བྱས་པར་བརྒྱུད།བོད་ལྗོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མངོན་གསལ་དུ་ལེགས་སུ་གཏོང་ཡོད།གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི5.8ཐོག་སླེབས་པ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཕྱོགས་བསྡུས་ཁེ་ཕན་ཉིན་རེ་བཞིན་དོད་བཞིན་ཡོད་པས།བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་ཡོད།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:དྲུག་གཅིག་བྱིས་པའི་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ།
  • དོ་སྣང་ཆེ་བའི་རྩོམ།