བོད་ལྗོངས་ཀྱིས་གཞི་རྩའི་ཐོག་ནས་ཤང་དང་གྲོང་རྡལ་རིམ་པའི་དངུལ་ལེན་དཀའ་བའི་གནད་དོན་སེལ་ཟིན།

མིག་དམར་གྱིས་བསྒྱུར།        2014-08-15

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་བ8པའི་ཚེས6ཉིན་འབྱོར་བའི་གཏམ་གསར། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གི་བསྡོམས་རྩིས་གྲངས་ཀའི་ཐོག་མཚོན་པར་ལྟར་ན།ད་ལོའི་ཟླ་བ6པའི་ཟླ་མཇུག་གི་བར་དུ་སླེབས་སྐབས།བོད་ལྗོངས་ཀྱིས་ཁྱོན་བསྡོམས་དངུལ་ཁང་གི་བྱང་བུ་སྤྱད་དེ་དངུལ་ལེན་ཆོག་པའི་ཞིང་ཕན་གྱི་ཞབས་ཞུ་བྱེད་ས1949བཙུགས་ཤིང་།ཞིང་ཕན་གྱི་དངུལ་ལེན་ཞབས་ཞུ་འཕྲུལ་ཆས2056བཀོད་བཞག་བྱས་ཡོད།དངུལ་ལོར་གྱི་ཞབས་འདེགས་ཁྱབ་མི་ཐུབ་པའི་སྲིད་འཛིན་གྲོང་སྡེ1359ལ་བྱང་བུའི་དངུལ་ལེན་ས་སྒྲིག་སྦྱོར་བྱས་ཏེ་ལྗོངས་ཡོངས་སུ་དངུལ་ལེན་ས་སྒྲིག་སྦྱོར་བྱེད་པའི་ཆ་རྐྱེན་འཛོམས་པའི་(གློག་དང་གློག་དྲྭ་གཏོང་བ་གཏོགས་པ)སྲིད་འཛིན་གྲོང་སྡེའི་བརྒྱ་ཆ63གྲུབ་པ་རེད། གསར་འགོད་པས་ཤེས་རྟོགས་བྱུང་དོན།བོད་ལྗོངས་ཀྱི་ཞིང་འབྲོག་མི་དམངས་གཞི་རྩའི་ཐོག་ནས་གྲོང་སྡེའི་ཕྱིར་འགྲོ་མི་དགོས་ཏེ་སྒོ་ཁའི་དངུལ་ལེན་ས་ནས་སྒོར་གྲངས་ཆུང་བ་ལེན་ཆོག་པ་དང་འཛད་སྤྱོད། རྩིས་སྤོ་བཅས་ཀྱི་བྱེད་སྒོའང་བྱེད་ཆོག་པར་གྱུར་ཞིང་།  ཤང་དང་གྲོང་རྡལ་ཕལ་ཆེར་དུ་ཁ་པར་གྱིས་རྩིས་སྤོ་བྱེད་པ་དང་ཐོན་ལས་འཁོར་འབྲེལ་གྱི་བརྒྱུད་རིམ་ཆ་ཚང་བའི་མ་དངུལ་བསྡོམས་རྩིས་བྱེད་པའི་རྣམ་པ་དེས་ལག་དངུལ་ཉོ་ཚོང་བྱེད་པའི་ཚབ་བྱས་ཤིང་།མི་སེར་རྣམས་ཀྱིས་སྲིད་གཞུང་གིས་སྤྲད་པའི་ཞིང་སྐྱོར་ཁ་གསབ་རོགས་དངུལ་ལེན་པ་སྟབས་བདེ་མོར་གྱུར་བ་རེད།
ད་ལོའི་ལོ་སྟོད་དུ།བོད་ལྗོངས་སུ་དངུལ་ཁང་བྱང་བུ་སྤྱད་དེ་དངུལ་ལེན་ཉོ་ཚོང་བྱེད་པའི་སྒོར་ཁྲི1294.91ལ་ཟིན་པས་ན་ལོའི་དུས་མཉམ་དང་བསྡུར་ན་ལྡབ22ཡིན།དངུལ་ལེན་པའི་ཐེངས་གྲངས34907ལ་ཟིན།ཐག་རིང་གི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་མི་དམངས་ལ་དངུལ་ལེན་རྒྱུ་སྟབས་བདེ་མོ་བྱུང་བ་རེད།
  • ལེ་ཚན་སྔོན་མ།:“ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལྷ་ས་གྲོང་ཁྱེར་དུ་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ནང་སོག་གི་རླུང་གློག་ཐོན་ལས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།