སྡེ་ཚན་བརྒྱད་ཀྱིས་བྱ་སྤྱོད་འཆར་གཞི་བཏོན་ནས་དྲ་ཚོང་ཡིད་རྟོན་འུད་སྒྲོག་བྱེད་ སྤྱོད་ལ་མཉམ་དུ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་ཡིན་པ།

    མི་དམངས་དྲ་བའི་འཕྲིན།    2016-11-14

ཟླ་11ཚེས་11ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་དྲ་ཐོག་ཚོང་དོན་ཁྱབ་ཁོངས་དང་དེ་བཞིན་མཉམ་སྤྱོད་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཡིད་རྟོན་ཁོངས་གཏོགས་འཛུགས་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་ནས་དྲ་ཐོག་ཉོ་ཚོང་གི་བྱེད་པོའི་ཡིད་རྟོན་ལྡན་ཚད་ཆེ་རུ་གཏོང་ཆེད། མངགས་ཐོ་རྫུན་འགོད་ཀྱིས་ཡིད་རྟོན་འུད་སྒྲོག་བྱེད་པའི་བྱེད་སྤྱོད་ཀྱི་འབྲེལ་ཡོད་ཡིད་རྟོན་མེད་པའི་བྱེད་པོར་མཉམ་དུ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་རེད།
     མངག་ཐོ་རྫུན་འགོད་ཀྱིས་ཡིད་རྟོན་འུད་སྒྲོག་བྱེད་པའི་བྱེད་སྤྱོད་ཀྱིས་དྲ་ཐོག་ཚོང་དོན་ཁྲོམ་རའི་སྒྲིག་ལམ་ལ་གནོད་སྐྱོན་ཚབས་ཆེན་བཟོས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་ཡི་ཡོད། ཉེ་ཆར་འཕེལ་སྒྱུར་ཨུ་ལྷན་དང་། མི་དམངས་དངུལ་ཁང་། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་། སྤྱི་བདེ་པུའུ། ཚོང་དོན་པུའུ། བཟོ་ཚོང་སྤྱི་ཁྱབ་ཅུས། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་དང་ནད་ཡམས་ཞིབ་དཔྱད་སྤྱི་ཁྱབ་ཅུས། ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་བཅས་ཀྱིས་མཉམ་དུ་མིང་རྟགས་བཀོད་དེ་《དྲ་ཐོག་ཚོང་དོན་དང་དེ་བཞིན་མཉམ་སྤྱོད་དཔལ་འབྱོར་ཁྱབ་ཁོངས་ཀྱི་ཡིད་རྟོན་འུད་སྒྲོག་བྱེད་སྤྱོད་དང་འབྲེལ་བའི་ཡིད་རྟོན་མེད་པའི་བྱེད་པོར་མཉམ་དུ་ཆད་གཅོད་བསླབ་འདོམས་བྱ་རྒྱུའི་སྐོར་གྱི་བྱ་སྤྱོད་འཆར་གཞི་》པར་འགྲེམས་བྱས་ནས“11·11”གི་དུས་ཆེན་སྔ་ནུབ་ཏུ་མངགས་ཐོ་རྫུན་འགོད་ཀྱིས་ཡིད་རྟོན་འུད་སྒྲོག་བྱེད་པའི་བྱེད་སྤྱོད་ལ་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་རེད།
     འབྲེལ་ཡོད་སྲིད་གཞུང་སྡེ་ཚན་དང་དྲ་ཐོག་ཚོང་དོན་ལས་སྟེགས་ཁེ་ལས་ཀྱིས་མཉམ་དུ་ཆད་གཅོད་བསླབ་འདོམས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱོད་རྒྱུ་སྟེ། ཕྱོགས་གཅིག་ནས་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ལ་གཞིགས་ནས་དྲ་ཐོག་ཚོང་དོན་དང་དེ་བཞིན་མཉམ་སྤྱོད་དཔལ་འབྱོར་ཁྱབ་ཁོངས་ཀྱི“ཡིད་རྟོན་འུད་སྒྲོག”བྱེད་སྤྱོད་ལ་མཉམ་དུ་ཆད་གཅོད་བསླབ་འདོམས་ཀྱི་ཡན་ལག་ཁོངས་གཏོགས་བཙུགས་ནས་ཁྲིམས་འགལ་དང་སྒྲིག་འགལ་གྱི་དོགས་པ་ཡོད་པའི“ཡིད་རྟོན་འུད་སྒྲོག་གི་ཐོ་གཞུང་ནག་པོ”འབྲེལ་ཡོད་སྡེ་ཚན་ཁག་ལ་རྩིས་འབུལ་ཞུ་རྒྱུ་དང་འབྲེལ་ཡོད་སྡེ་ཚན་དང་ལྷན་དུ་ཁྲིམས་ལྟར“ཡིད་རྟོན་འུད་སྒྲོག”གི་བྱེད་སྤྱོད་ཀྱི་འགན་འཁྲིའི་ཚན་པ་དང་དེ་བཞིན་དེའི་ཁྲིམས་བཀོད་འཐུས་ཚབ་པ་དང་། འགན་འཁུར་བ་གཙོ་བོ། ཐད་ཀའི་འགན་འཁུར་བ་བཅས་ལ་མཉམ་དུ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱིས་ནང་ཁུལ་གྱི་ཡིད་རྟོན་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱུག་རྒྱུར་མཛུབ་ཁྲིད་བྱས་ནས“ཡིད་རྟོན་འུད་སྒྲོག”གི་བྱེད་སྤྱོད་ལ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།

  • ལེ་ཚན་སྔོན་མ།:སྡེ་ཚན་དྲུག་གིས《སྨན་རྫས་བཟོ་ལས་འཕེལ་རྒྱས་འཆར་འགོད་ཀྱི་ཕྱོགས་སྟོན》པར་འགྲེམས་བྱས་པ།
  • ལེ་ཚན་རྗེས་མ།:ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གསར་འགྱུར་ལས་དོན་པ་ཞིག་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།