ཞི་བདེ་རྒྱ་མཚོའི་ཐོག་རེས་སྐོར་གསར་པའི་ཚན་རིག་རྟོག་ཞིབ་བྱ་རྒྱུ་ཡིན།
ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-05-31
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀོང་ཀྲུའུ་རྒྱ་མཚོའི་ས་གཤིས་བརྟག་དཔྱད་ཅུས་ཀྱི་རྒྱ་མཚོ་དྲུག་པ་རྟགས་ཅན་གྱི་གྲུ་གཟིངས་སྤྱི་ཟླ5བའི་ཚེས28ཉིན་ཀོང་ཀྲའུ་ཡི་ཏུང་ཅང་གྲུ་ཁའི་རྒྱ་མཚོའི་ས་གཤིས་ཆེད་སྤྱོད་གྲུ་ཁ་ནས་ཐོན་ཡོད་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོར་བསྐྱོད་ནས། ཀྲུང་གོའི་རྒྱ་མཚོའི་ཐོག་གི་ཚན་རིག་རྟོག་ཞིབ་ལས་འགན་ཐེངས29པ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། །