བོད་ལྗོངས་འཕྲིན་དྲ། 2016-11-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་། མངའ་རིས་ས་ཁུལ་གྱིས་རྒས་དུས་འཚོ་རྟེན་ཡོད་པ་དང་དྭ་ཕྲུག་སློབ་གྲྭར་ཞུགས་ཐུབ་པ་ཞེས་པའི་བདེ་སྐྱིད་ལས་གཞི་ལག་བསྟར་ཧུར་ཐག་བྱས་པས། འགན་ལེན་ལྔའི་དུད་ཚང་གི་བློ་འདོད་ཡོད་མཁན་གཅིག་བསྡུས་འཚོ་སྐྱོང་དང་དྭ་ཕྲུག་གཅིག་བསྡུས་གསོ་ཉར་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་པ་བྱེད་པའི་བརྒྱ་གཉིས་ཀྱི་དམིགས་ཚད་སྒྲུབ་ཡོད།
མངའ་རིས་ས་ཁུལ་གྱིས་འགན་ལེན་ལྔའི་དུད་ཚང་གི་བློ་འདོད་ཡོད་མཁན་གཅིག་བསྡུས་འཚོ་སྐྱོང་དང་དྭ་ཕྲུག་གཅིག་བསྡུས་གསོ་ཉར་བྱེད་པའི་ལས་དོན་དེ་ས་ཁུལ་གྱི་དམངས་འཚོའི་བྱ་བ13ནང་བཅུག་ཏེ་ལོ་འཁོར་མོའི་གཙོ་གནད་དམངས་འཚོའི་ལས་གཞི་དང་མཉམ་དུ་བཀོད་སྒྲིག་དང་སྐུལ་སྤེལ་བྱས་པ་རེད། ཉེ་བའི་ལོའི་ནང་། ས་ཁུལ་དེས་མ་དངུལ་སྒོར་ཁྲི་ཚོ6552བཏང་ནས་ས་ཁུལ་གྱི་ཚད་གཞི་ཅན་གྱི་རྒན་རྒོན་བདག་སྐྱོང་ཁང་དང་བྱིས་པའི་ཕན་བདེ་ཁང་བརྒྱབ་ནས་དཔེ་དེབ་ལྟ་ཀློག་ཁང་དང་སྨྱན་སྦྱོར་ཀུན་འདུས་ཁང་། ལུས་གསོ་འཕུར་མཉེད་ཁང་། སྨན་དོན་ཁང་སོགས་སྒྲིག་བཀོད་སྒྲིག་སྦྱོར་བྱས་པ་དང་ཆབས་ཅིག་མ་དངུལ་དོ་དམ་དང་ལས་དོན་པའི་དོ་དམ་བྱ་ཐབས་བཟོས་ཏེ་གཅིག་བསྡུས་གཉིས་ཀྱི་ལས་དོན་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་བས་རྒྱུན་ལྡན་ཅན་གྱི་དོ་དམ་མངོན་འགྱུར་བྱུང་བ་རེད།
མངའ་རིས་ས་ཁུལ་གྱིས་དང་བླངས་ཞབས་ཞུ་དང་འོས་འགན་སྨན་བཅོས། གཉིས་བཀུར་མཉམ་འཛུགས། གཅེས་སེམས་འབུལ་བ་དང་གཉེན་འབྲེལ་གྲོགས་སྒྲིག་སོགས་ཀྱི་བྱེད་སྒོ་སྤེལ་ནས་འགན་ལེན་ལྔའི་དུད་ཚང་དང་དྭ་ཕྲུག་ལ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་རྒྱུར་བཀག་རྒྱ་མེད་པ་བཟོས་པ་དང་། སྔོན་ལ་སྨན་ཁང་དུ་སྡོད་པ་དང་རྗེས་སུ་འགྲོ་སོང་རྩི་ཞུ་བྱས་ཏེ་གཅིག་བསྡུས་གཉིས་ཀྱི་ལས་ཀའི་སྤྱིའི་ཞབས་ཞུ་འགན་སྲུང་གི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད།
གཞན་ཡང་། མངའ་རིས་ས་ཁུལ་གྱིས་གཅིག་བསྡུས་གཉིས་ཀྱི་དོ་དམ་པ་དང་ཆེད་བསྐོས་བདག་སྐྱོང་མི་སྣ་ཧྲག་འདེམས་བྱས་པ་མ་ཟད་ལས་གནས་དང་འགན་འཁྲི་གཏན་འཁེལ་བཟོས་པ་དང་། ལས་ཀའི་དམིགས་ཚད་བཟོས་ནས་དུས་ཚིགས་ལྟར་དཔྱད་ཞིབ་དཔྱད་བསྡུར་བྱས་ཏེ་གླ་ཕོག་གི་རིམ་པ་བཟོ་གི་ཡོད། ད་དུང་སྐར་མ་རིམ་པའི་བདག་སྐྱོང་པ་དང་གཅེས་སེམས་ཨ་མ། གཅེས་སེམས་ཨ་ཕ་བཅས་དཔྱད་བསྡུར་གྱི་གསར་གཏོད་བྱེད་སྒོ་སྤེལ་ནས་གཟེངས་བསྟོད་བྱ་དགའ་སྤྲོད་པ་དང་སྔོན་ལ་སློབ་སྦྱོང་དང་ཕུལ་བྱུང་གཏོད་པའི་ཁྲིད་ཕྱོགས་བཟང་པོ་བཙུགས་ཡོད།
ད་བར། མངའ་རིས་ས་ཁུལ་གྱིས་འགན་ལེན་ལྔའི་དུད་ཚང་འཚོ་སྐྱོང་ལྟེ་གནས7དང་བྱིས་པའི་ཕན་བདེ་ཁང་གཅིག་བརྒྱབ་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.2བཏང་བ་དང་། འགན་ལེན་ལྔའི་མི་ཁྱོན576ཡོད་པའི་ནང་ནས་གཅིག་བསྡུས་འཚོ་སྐྱོང་ནང་ཞུགས་འདོད་ཡོད་མཁན469ཚང་མ་གཅིག་བསྡུས་འཚོ་སྐྱོང་བྱས་པ་དང་། དྭ་ཕྲུག169ཡོད་པའི་ནང་ནས་དྭ་ཕྲུག30ས་ཆ་གཞན་དུ་སློབ་གྲྭ་འགྲིམ་བཞིན་ཡོད་པ་ཕུད་དེ་མིན་གྱི་དྭ་ཕྲུག139ཚང་མ་གཅིག་བསྡུས་གསོ་ཉར་བྱས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10