སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།

རྟ་མགྲིན་མགོན་པོ།    མཚོ་སྔོན་པོ་དྲ་བ།    2016-10-26

སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
མཛད་སྒོའི་ཡུལ་དངོས།
     སྤྱི་ཟླ10བའི་ཚེས20ཉིན། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བཏང་ནས། རིག་གནས་དར་རྒྱས་ཆེ་བའི་རྫོང་འཛུགས་སྐྲུན་བྱེད་ཅེས་པ་བརྗོད་གཞིར་བཟུང་བའི་སྐབས་དང་པོའི་ཐོན་མིའི་ཡིག་རྒྱུན་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་དང་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཕྱུགས་ལོངས་བཀྲ་ཤིས་ཐང་གི་མི་དམངས་ཚོམས་ཆེན་ནས་བདེ་བླག་ངང་སྤེལ།
སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
འབྲེལ་ཡོད་མགོ་ཁྲིད་ཀྱིས་འགྲེམ་སྟོན་གྱི་སྒོ་མོ་ཕྱེ་བཞིན་པ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
མཛད་སྒོའི་ཡུལ་དངོས།
     ཐེངས་འདིའི་ཡིག་གཟུགས་འགྲེམ་སྟོན་ལ་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་ཡིག་མཁན་མཁས་དབང་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་ཟབ་བཞེས་གནངས་བ་མ་ཟད། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ཡིག་གཟུགས་པ་རྣམས་ཀྱིས་མཐུན་རྐྱེན་གང་ལེགས་སྦྱར་བས། བསྡོམས་པས་འགྲན་ཞུགས་ཡིག་གཟུགས་བརྩམས་ཆོས170ལྷག་འབྱོར་ཡོད། ལྗོངས་ཞིང་ལྔའི་ཡིག་གཟུགས་དཔྱད་འདེམ་པ་25ལྷག་གིས་དྲ་ལམ་བརྒྱུད་དེ་ཞིབ་བསྡུར་དང་དཔྱད་འདེམ་རྣམ་དག་བྱས་མཐར་། བྲིས་རྩལ་ཁྱད་དུ་འཕགས་ཤིང་། བརྗོད་དོན་འབུར་དུ་ཐོན་པ། ཡིག་རྒྱུན་ཁུངས་དང་ལྡན་པ། པར་ངོས་བཀོད་སྒྲིག་ལེགས་པ། སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་པའི་བརྩམས་ཆོས55དང་། བོད་ཀྱི་ཡིག་གཟུགས་ཆེད་མཁས་པ་སངས་རྒྱས་བཀྲ་ཤིས། སྙེ་འཕྲིན་ལས་རྒྱལ་མཚན། པད་དཀར་འབངས་སོགས་ཡིག་གཟུགས་མཁས་ཅན་བཅུ་ལྷག་གི་བརྩམས་ཆོས10བཅས་སྡོམ་པས་ཡིག་གཟུགས་བརྩམས་ཆོས66འགྲེམ་སྟོན་ལ་བཀོད་སྒྲིག་བྱས་ཤིང་། དེའི་ནང་ནས་དབུ་ཅན་དང་དབུ་མེད་རིགས་གཉིས་སུ་དབྱེ་བའི་བརྩམས་ཆོས32ལ་བྱ་དགའ་གནང་བ་རེད།
     ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་བང་ཡོན་ཅའོ་དང་། རང་རྫོང་གི་དམངས་ཆེན་དང་། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་སོགས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་པ་གཟེངས་བསྟོད་མཛད་སྒོར་ཞུགས་ཏེ། བྱ་དགའ་ཐོབ་པའི་ཡིག་མཁན་རྣམས་ལ་གཟེངས་རྟགས་གནང་བ་རེད།
སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
བྱ་དགའ་ཐོབ་མཁན་གྱི་ཡིག་མཁན་རྣམས་ལ་གཟེངས་རྟགས་གནང་བཞིན་པ།
སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
བྱ་དགའ་ཐོབ་མཁན་རྣམས་ལ་གཟེངས་རྟགས་གནང་བཞིན་པ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
བྱ་དགའ་ཐོབ་མཁན་རྣམས་ལ་གཟེངས་རྟགས་གནང་བཞིན་པ།
སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
བོད་ཀྱི་ཡིག་གཟུགས་དྲ་བའི་མགོ་པ་རྟ་མགྲིན་མགོན་པོས་ཡིག་གཟུགས་རེ་རེ་ངོ་སྦྱོར་གནང་བཞིན་པ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
ཁུལ་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བང་ཡོན་ཅའོ་ཡིས་ཤིས་ཚིག་འབུལ་བཞིན་པ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
བྲིས་པ་ཚོས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
བྲིས་པ་ཚོས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།
     ཉིན་གསུམ་གྱི་འགྲེམ་སྟོན་དུས་ཡུན་ནང་། ས་ཁུལ་སོ་སོའི་ཡིག་མཁན་དང་། དགེ་འདུན་པའི་སྡེ། ཤེས་ཡོན་པའི་སྡེ། སློབ་མའི་སྡེ། ཞིང་འབྲོག་མང་ཚོགས་ཀྱི་སྡེ་སོགས་བསྡོམས་པས་མི་གྲངས་སྟོང་དྲུག་ལྷག་རོལ་མྱོང་བྱེད་པར་ཕེབས་འདུག ཐེངས་འདིའི་བྱ་འགུལ་བརྒྱུད། ཀྲུང་གོའི་སྐོར་བྲོའི་ཕ་ས་ཞེས་པའི་ཀླུ་ཆུ་རྫོང་ལ་སྔར་མེད་རིག་གནས་སྒྱུ་རྩལ་གྱི་བཀྲག་མདངས་གསར་བ་བསྩལ་བ་མ་ཟད། སྟོབས་འབྱོར་མངའ་ཐང་རྒྱས་པའི་ཀླུ་ཆུ་དང་། འཆམ་མཐུན་བདེ་སྐྱིད་ལྡན་པའི་ཀླུ་ཆུ་འཛུགས་སྐྲུན་ལ་ཁ་དོག་གསར་བ་བསྣན་ཡོད།
སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
འབྲེལ་ཡོད་མགོ་ཁྲིད་ཀྱིས་ཡིག་གཟུགས་ལ་རོལ་མྱོང་བྱེད་བཞིན་པ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།
ཡིག་གཟུགས་འགྲེམ་སྟོན་ལ་རོལ་བཞིན་པའི་དགེ་འདུན་པའི་སྡེ།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།

ཡིད་དབང་འཕྲོག་པའི་སློབ་མའི་ཚོགས།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།

བྱ་དགའ་ཐོབ་པའི་བརྩམས་ཆོས།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།

བྱ་དགའ་ཐོབ་པའི་བརྩམས་ཆོས།སྐབས་དང་པོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲེམ་སྟོན་ཆེན་མོའི་གཟེངས་བསྟོད་ཚོགས་འདུ་བསྡུས།

བྱ་དགའ་ཐོབ་པའི་བརྩམས་ཆོས།
 
  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«འཕྲིན་བཅར་བྱ་བའི་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས»དཔར་ནས་བཀྲམ།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཡོངས་ཀྱི་གསར་སྐྲུན་བཅོས་སྒྱུར་གྱི་ཚོད་ལྟ་ལས་ཀའི་འགོ་ཁྲིད་ཚན་ཆུང་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་ཐེངས་གསུམ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།