ཡུས་ཀྲིན་ཧྲིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2016-09-09

ཡུས་ཀྲིན་ཧྲིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས།

ཚེས་བདུན་ཉིན།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་སློབ་མ་རྣམས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། གཏམ་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་ཚེས་བདུན་ཉིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གཞུང་ལུགས་སྲིད་ཇུས་དང་ཆོས་ལུགས་བྱ་བའི་ཆེད་དོན་ཞིབ་བསྡུར་འཛིན་གྲྭའི་སློབ་མ་རྣམས་ཀྱི་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། གཏམ་བཤད་གལ་ཆེན་གནང་།  ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ཁྲོད་དུ་བསམ་བློ་གསར་བ་དང་ལྟ་ཚུལ་གསར་བ། རེ་བ་གསར་བ་བཅས་རབ་དང་རིམ་པ་བཏོན་ཡོད་པས། ང་ཚོས་དེར་སེམས་ཞིབ་མོས་སློབ་སྦྱོང་དང་ཡང་དག་པའི་བརྗོད་དོན་ལ་གོ་བ་ཟབ་མོ་བླངས་ཏེ། ཁྱོན་ཡོངས་ནས་མ་ལག་རང་བཞིན་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱས་ནས། ངེས་པ་དོན་གྱིས་དགོངས་དོན་གལ་ཆེན་སེམས་སུ་ངེས་པར་བྱེད་དགོས། ཡང་དག་པའི་སྒོ་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དཀྱིལ་སྙིང་རིན་ཐང་ལྟ་བས་རང་རྒྱལ་གྱི་ཆོས་ལུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ། ཆོས་ལུགས་ཁྲོད་ཀྱི་སྤྱི་ཚོགས་འཆམ་མཐུན་དང་དུས་རབས་མདུན་བསྐྱོད། བདེ་ཐང་དཔལ་ཡོན་བཅས་ལ་ཕན་པའི་ནང་དོན་གཏིང་ཟབ་པའི་སྒོ་ནས་སྔོག་འདོན་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འདོན་སྤེལ་གང་ལེགས་བྱེད་དགོས། ཡང་དག་པའི་སྒོ་ནས་ཆོས་ལུགས་བྱ་བ་ཁྲིམས་ལུགས་ཅན་གྱི་ཆུ་ཚད་དུ་མཐོར་འདེགས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལུགས་ཀྱི་བསམ་ཕྱོགས་དང་ཁྲིམས་ལུགས་ཀྱི་བྱེད་ཐབས་ལེགས་པོ་བཀོལ་ནས་ཆོས་ལུགས་ཁྱབ་ཁོངས་སུ་གནས་པའི་འགལ་བ་དང་གནད་དོན་ཐག་གཅོད་ཡག་པོ་བྱས་ནས། ཁྲིམས་ལུགས་དང་ཁྲིམས་སྲོལ་ལྟར་ཆོས་ལུགས་བྱ་འགུལ་གྱི་རང་རྟོག་རང་བཞིན་དང་རང་འགུལ་རང་བཞིན་མཐོར་འདེགས་སུ་གཏོང་དགོས། བདེ་ཐང་གི་ཆོས་ལུགས་འབྲེལ་བ་ཡང་དག་པའི་སྒོ་ནས་འཛུགས་སྐྲུན་བྱེད་པ་དང་ཏང་གི་མགོ་ཁྲིད་དུས་དང་རྣམ་པ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྲིད་འཛིན་གོ་གནས་སྲ་བརྟན་དུ་གཏོང་བ། ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་བཏང་ནས། ཆོས་ལུགས་ནང་ཁུལ་དང་ཆོས་ལུགས་ཀྱི་བར། ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འཆམ་མཐུན་འབྲེལ་བ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

ཡུས་ཀྲིན་ཧྲིན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཆོས་ལུགས་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་ལེགས་བཅོས་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ་རྒྱུན་འཁྱོངས་དང་ལྟ་སྐུལ་ཞིབ་བཤེར་དམ་འཛིན་བྱེད་པ། སྲིད་ཇུས་གཟབ་ནན་ལག་བསྟར་བཅས་བྱས་ཏེ། བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པ་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ངེས་པར་དུ་ལག་བསྟར་དངོས་འབེབ་བྱེད་དགོས་ཟེར།

ལིག་ཡན་ཏུང་དང་སུང་ཁྲོན་ལན་གཉིས་གྲོས་ཚོགས་ལ་ཞུགས།

  • ལེ་ཚན་སྔོན་མ།:ཅི་ཉི་སིའི་འཛམ་གླིང་གི་ཟིན་ཐོ་བསྐྲུན་པའི་ཤམ་བ་བྷལའི་དུས་ཀྱི་འཁོར་ལོའི་ལངས་གཟུགས་ཅན་གྱི་དཀྱིལ་འཁོར།
  • ལེ་ཚན་རྗེས་མ།:བོད་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ལིང་གྲིབ་ཕོག་པའི་ནད་པ་ཁྲི3ལྷག་ལ་སླར་ཡང་འོད་སྣང་མཐོང་དུ་བཅུག
  • དོ་སྣང་ཆེ་བའི་རྩོམ།