སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།

        2016-08-12

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།

ཉིན་གསུམ་གྱི་རིང་གི་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དེ་ཟླ་བ8པའི་ཚེས11ཉིན་གྱི་མཚན་མོར་དར་མདོ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་བ་རེད།སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལི་ཁྲེང་མིང་དང་དཀར་མཛེས་ཁུལ་རྒྱུན་ལས་ཨུ་ཡོན་གྱི་ཀྲུའུ་རིན་ལི་ཁང་། དཀར་མཛེས་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཡེ་ཤེས་ཟླ་བ་སོགས་དང་ད་དུང་མཚོ་སྔོན་དང་ཡུན་ནན། བོད་ལྗོངས་སོགས་ནས་ཕེབས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམ་པ་མཇུག་སྒྲིལ་མཛད་སྒོར་ཞུགས།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།

ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དར་ཆ་ཡུན་ནན་བདེ་ཆེན་ཁུལ་ལ་སྤྲོད་བཞིན་པའི་ཚུལ། 

ཧྲུའུ་ཅི་ལི་ཁྲེང་མིང་གི་ངག་བཅོལ་ལྟར་ཁུལ་དཔོན་ཡེ་ཤེས་ཟླ་བས་མཇུག་སྒྲིལ་མཛད་སྒོའི་སྟེང་ཤིས་ཚིག་ཕུལ་བ་དང2020ལོའི་སྐབས་བཅུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གཙོ་སྐྱོང་གནང་མཁན་ཡུན་ནན་བདེ་ཆེན་ཁུལ་ཡིན་པ་ཁྱབ་བསྒྲགས་གནང་ལ་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་དར་ཆ་དེ་ཡུན་ནན་བདེ་ཆེན་ཁུལ་ལ་སྤྲད་པ་རེད།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།
 

གློག་འོད་ཀྱི་ཚོན་མདངས་རྣམ་པར་བཀྲ་ཞིང་གླུ་གར་གྱི་མཚོ་མོ་དགུང་ལ་འཕྱུར་ཏེ།འབའ་གཞས་དང་དཀར་མཛེས་རྡོག་བྲོ།རྩེ་མདའི་སྐོར་བྲོ་དང་ཧོར་བྲག་འགོའི་གནའ་བྲོ་སོགས་ཉམས་འགྱུར་སྟོང་ལྡན་གྱི་ཞབས་བྲོ་དང་།ཨ་རྣམ་ཟླ་བ་སྒྲོལ་མ་དང་དཔལ་ཡུལ་བཀྲ་ཤིས།ཚེ་དབང་ལྷ་མོ་དང་དབྱངས་ཅན་ལྷ་མོ་སོགས་ཁམས་ཁུལ་གྱི་གླུ་པ་གླུ་མ་གྲགས་ཅན་དག་གི་སྙན་འགྱུར་གྱི་གླུ་དབྱངས་རེ་རེས་ལྟད་མོ་བ་རྣམས་ཀྱི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་འཕྲོག་པར་བྱས་སོ།།

སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་མཇུག་སྒྲིལ་མཛད་སྒོ་དར་མདོར་སྤེལ།

  • ལེ་ཚན་སྔོན་མ།:ཞིང་དཔོན་དབྱི་ལི་ཡིས་ཀྲུང་གོའི་གནམ་གཤིས་ཅུས་ཀྱི་ཅུའུ་ཀྲང་ཀྲེན་ཀུའོ་ཀོང་དང་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་བོད་ཡིག་ཚིག་མཛོད་དང་པོ་དཔེ་སྐྲུན་འགྲེམ་སྤེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།