མཚོ་སྔོན་བོད་ཡིག་གསར་འགྱུར། 2016-06-30
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན།མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་འགུལ་རིས་གོང་སྤེལ་ལྟེ་གནས་ཀྱིས་ཕབ་སྐྲུན་བྱས་པའི་མུ་འབྲེལ་འགུལ་རིས་ཟློས་གར《གེ་སར་རྒྱལ་པོ》སྒྲ་གཟུགས་བརྩམས་ཆོས་ཐོག་མར་བཀྲམ་པའི་མཛད་སྒོ་བསྡུས།དེ་ནི་རང་ཞིང་གིས་ཕབ་སྐྲུན་བྱས་པའི་འགུལ་རིས་ཁག་གསུམ་པ་རེད།གེ་སར་རིག་གནས་ནི་རང་ཞིང་གི་གལ་ཆེ་བའི་རིག་གནས་ཐོན་ཁུངས་ཡིན་པས།ཞིང་ཆེན་ཕྱི་ནང་གི་བྱིས་པ་རྣམས་ལ་གེ་སར་ལ་རྒྱུས་ལོན་བྱེད་དུ་འཇུག་པ་དང་།མཚོ་སྔོན་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་མྱོང་རོལ་བྱེད་དུ་འཇུག་ཆེད།2014ལོ་ནས་བཟུང་།ཞིང་ཆེན་མི་རིགས་སྐད་ཀྱི་འགུལ་རིས་གོང་སྤེལ་ལྟེ་གནས་ཀྱིས་གྲ་སྒྲིག་བྱས་ཏེ།ལེའུ26ཅན་གྱི“གེ་སར”བརྗོད་གཞི་ཡིན་པའི་མུ་འབྲེལ་འགུལ་རིས་སྒྲིག་བཟོ་བྱས།ལོ་ངོ་གཅིག་གི་རིང་ལ་ཕབ་སྐྲུན་བྱས་པ་བརྒྱུད།《གེ་སར་རྒྱལ་པོ》ནང་གི《རྟ་རྒྱུག་རྒྱལ་འཇོག》དང《ཧོར་གླིང་གཡུལ་འགྱེད》 (སྟོད་སྨད་ཆ)ཀྱི་མུ་འབྲེལ་འགུལ་རིས་གྲུབ།《གེ་སར་རྒྱལ་པོ》ཡི་འགུལ་རིས་དེ་སྔོན་ཆད་ཀྱི་འགུལ་རིས་དང་མི་མཐུན་པ་ནི་གློག་བཪྙན་རིམ་པར་ཕབ་སྐྲུན་བྱས་ཡོད་པར་མ་ཟད།འགུལ་རིས་བཪྙན་ཆོས་ཀྱི་གཏོང་ཡུན་ཡང་སྐར་མ2Dཡི་རིང་།འགུལ་རིས་སྒྲིག་བཟོFlashལས་བརྒལ་ཏེ2Dཤོག་བུ་མིད་པའི་མཉེན་ཆས་ཀྱིས་སྒྲིག་བཟོ་བྱས་པ་རེད།བཪྙན་ངོས་ཀྱི་འགུལ་སྐྱོད་དང་སྒྲིག་བཟོ།སྦྱོར་བཟོ་སོགས་ཀྱི་ཕྱོགས་ནས་ཀྱང་ཆེད་ལས་ཀྱི་ཆུ་ཚད་དུ་ཐོན་ཡོད།།
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ