ད་ལོར་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལས་འགན་ཆེན་པོ་བརྒྱད་འགྲུབ་པར་སྐུལ་འདེད་གཏང་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2016-04-24

ཞིན་ཧྭ་གསར་འགྱུར་ཁང་ནས་ཟླ་བ4པའི་ཚེས16ཉིན་འབྱོར་བའི་གཏམ་གསར།  འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས15ཉིན་འཚོགས་པའི2016ལོར་རྒྱལ་ཡོངས་དཔལ་འབྱོར་སྒྲིག་གཞིའི་བཅོས་བསྒྱུར་ལས་ཀའི་གྲོས་ཚོགས་ཐོག་ད་ལོར་བཏོན་གྲབས་ཡོད་པ་དང་དོན་འཁྱོལ་བྱ་རྒྱུ་དམ་འཛིན་ཡག་པོ་བྱ་དགོས་པའི་གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་ལས་འགན་བརྒྱད་ལ་བཀོད་སྒྲིག་བྱས་ཡོད།
  གྲོས་ཚོགས་ཐོག་བསྟན་དོན།  ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་འགོ་ཚུགས་པའི་ལོ་དང་པོ་ཡིན་ལ། སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཡང་ཡིན་པས།  ཕྱོགས་གཅིག་ནས་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན་པའི་བཅོས་བསྒྱུར་གྱི་བྱེད་ཐབས་གསར་པ་བཏོན་པ་དམ་འཛིན་བྱ་དགོས་ཤིང་།  ཕྱོགས་གཅིག་ནས་བཏོན་ཟིན་པའི་བཅོས་བསྒྱུར་འཆར་གཞི་དོན་ཐོག་ཏུ་འཁྱོལ་བ་དམ་འཛིན་བྱ་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་རིམ་དམིགས་སུ་ཐོན་པའི་གནད་དོན་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ལ་ཁེ་ཕན་དེ་བས་ཆེན་པོ་འཐོབ་ཏུ་འཇུག་དགོས།
  གྲོས་ཚོགས་ཐོག་ཁྱབ་ཁོངས་མང་པོའི་གཙོ་གནད་བཅོས་བསྒྱུར་ལ་སྐུལ་འདེད་གཏང་རྒྱུ་གསལ་པོ་བཏོན་ཡོད་པ་སྟེ།
  གཅིག་ནི་ཁེ་ལས་ལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་དགོས།
  གཉིས་ནི་རྒྱུད་མཐུད་དེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད།  ཁུ་བསྡུ་དང་དོ་དམ་བར་ཟུང་འབྲེལ། ཞབས་འདེགས་བཟང་སྒྲུག་བཅས་ལ་སྐུལ་འདེད་གཏང་དགོས།
  གསུམ་ནི་མ་དངུལ་གཏོང་འཇོག་དང་སྡུད་རུབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་དགོས།
  བཞི་ནི་རིན་གོང་གི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་དགོས།
  ལྔ་ནི་གྲོང་རྡལ་ཅན་གསར་པའི་སྒྲིག་གཞི་ནང་རྐྱེན་འཐུས་སྒོ་ཚང་དུ་གཏང་དགོས།
  དྲུག་ནི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་གྱི་སྒྲིག་གཞི་གསར་པ་འཛུགས་སྐྱོང་བྱ་དགོས།
  བདུན་ནི་འདེད་སྐུལ་འཕེལ་རྒྱས་གཏང་རྒྱུའི་སྒྲིག་གཞི་ནང་རྐྱེན་གསར་སྐྲུན་བྱེད་པར་འཐུས་སྒོ་ཚང་དུ་གཏང་དགོས།
  བརྒྱད་ནི་ཤུགས་ཆེན་པོས་སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས་པ་བཅས་སོ། །
  • ལེ་ཚན་སྔོན་མ།:ཀན་སུའུ་ཡིས་རིམ་པ་བགོས་ཏེ་སྨན་བཅོས་བྱས་པས་མི་སེར་གྱི་སྨན་བསྟེན་དཀའ་བའི་གནད་དོན་ཐག་གཅོད་བྱས།
  • ལེ་ཚན་རྗེས་མ།:རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྟ་ཐོག་ཉེན་སྲུང་རུ་ཁག
  • དོ་སྣང་ཆེ་བའི་རྩོམ།