ཀྲུང་གོ་བོད་ཀྱི་དྲ་བ། 2014-07-23
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས20ཉིན། མཚོ་སྔོན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བཞུགས་མོལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ་དང་། དེ་སྔོན་གྱི་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅི། མིང་དུ་གྲགས་པའི་རྩོམ་པ་པོ་མ་ལ་ཆིན་ཧྥུ་ཚོགས་འདུ་ཞུགས་པ་མ་ཟད་གཏམ་བཤད། ཧོར་རིགས་ཀྱི་རྩོམ་པ་པོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི། བོད་རིགས་ཀྱི་སྙན་ངག་པ་དང་བློ་མཐུན་རྒན་པ་སྐལ་བཟང་རྡོ་རྗེ། དེ་དམིན་ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་དང་དཔྱད་བརྗོད་པའི་འཐུས་མི50ལྷག་ཚོགས་འདུར་ཞུགས་ཡོད།
ཅི་ཏེ་མ་ཅས་མཚོ་སྔོན་གྱི་རིགས་སོ་སོའི་རྩོམ་པ་པོར་རེ་བ་གསུམ་བཏོན་པ་སྟེ། ནན་ཏན་སྒོས་རང་ཉིད་ཀྱི་ལོ་རྒྱུས་གནས་བབ་ལ་ངོས་འཛིན་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་བསྐྱར་དར་ལས་འགན་ཕྲག་ཏུ་བླངས་ནས་ཧུར་བརྩོན་གྱིས་ང་ཚོའི་རྩོམ་རིག་གི་ཁ་ཕྱོགས་ལ་བསམ་བློ་གཏོང་བ་དང་། དུས་རབས་ཀྱི་རེ་འདུན་མཚོན་པའི་ཕུལ་བྱུང་བརྩམས་ཆོས་ལེགས་པོ་འབྲི་དགོས་ལ། མིག་སྔར་མཚོ་སྔོན་གྱི་ཁུལ་གསུམ་འཛུགས་སྐྲུན་བྱེད་པ་སོགས་ལོ་རྒྱུས་ཀྱི་འཕེལ་རྒྱས་གོ་སྐབས་ལ་དམིགས་ནས་རྩོམ་རིག་སྒྱུ་རྩལ་ལས་དོན་ལ་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་མངོན་ཡོད་པས། རིགས་སོ་སོའི་རྩོམ་པ་པོ་རྣམས་ཉིན་རེར་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཧུར་བརྩོན་གྱིས་རང་ཉིད་མི་རིགས་ཀྱི་འཐུས་མི་ལྟ་བུར་འགྱུར་དགོས་པ་དང་། གསར་རྩོམ་ལ་འབད་བརྩོན་བྱས་ཏེ་གྲུབ་འབྲས་བཟང་པོ་ལེན་དགོས། རང་ས་ཁུལ་ལ་རྐང་བཙུགས་ཏེ། ཀྲུང་གོ་དང་འཛམ་གླིང་ལ་ཁ་ཕྱོགས་ནས་མུ་མཐུད་དུ་བར་ཁྱད་ལེགས་སྒྲིག་བྱས་ནས། རྩོམ་རིག་གི་ལྟ་བས་མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་ལ་བསམ་བློ་གཏོང་བ་དང་། རིག་གནས་ཀྱི་གཞི་རྩ་དང་དུས་རབས་ཀྱི་རྣམ་ཤེས་ལ་དམིགས་ནས། དུས་རབས་དང་མི་རིགས་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ་ང་ཚོའི་དུས་རབས་ལ་གསོན་ཉམས་ལྡན་པའི་ཞིབ་འབྲི་ལེགས་པོ་བྱེད་དགོས་པར་བསྟན།
མ་ཆིན་ལ་ཧྥུ་ཡིས་གྲངས་ཉུང་མི་རིགས་རྩོམ་པ་པོས་དུས་རབས་དང་བསྡོངས་ནས་བསམ་གཞིགས་གཏིང་ཟབ་བཏང་སྟེ། ཀྲུང་གོའི་རྩོམ་རིག་གི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དོ་སྣང་བྱས་ནས་མཚན་ཉིད་དང་མཐུན་པའི་འདུ་ཤེས་དང་། འཛམ་གླིང་ལ་ཁ་ཕྱོགས་པའི་བློ་རྒྱས་ཧུར་བརྩོན་གྱིས་དུས་རབས་དང་མཐུན་པའི་བརྩམས་ཆོས་འབྲི་དགོས་པར་བསྟན།
མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་པ་པོའི་འཐུས་མི་རྡོ་རྗེ་ཚེ་བརྟན་དང་ཧན་ཝིན་ཏི། དབྱི་ལང་། བསོད་ནམས་ཚེ་རིང་བཅས་ཀྱིས་མི་རིག་རྩོམ་གསར་རྩོམ་གྱི་ཐད་ནས་གཏམ་བཤད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10