བོད་ལྗོངས་ཀྱི་བུད་མེད་སྙན་ངག་པ་འཕྱོངས་རྒྱས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས༼ལྷ་སའི་ལྷ་མོ།༽པར་བསྐྲུན་འགྲེམ་སྤེལ་བྱས།

        2016-03-04

བོད་ལྗོངས་ཀྱི་བུད་མེད་སྙན་ངག་པ་འཕྱོངས་རྒྱས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས༼ལྷ་སའི་ལྷ་མོ།༽པར་བསྐྲུན་འགྲེམ་སྤེལ་བྱས།
ཉེ་ཆར། རྩོམ་པ་པོ་པར་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོད་ལྗོངས་བུད་མེད་སྙན་ངག་པ་འཕྱོངས་རྒྱས་ཀྱི་སྙན་རྩོམ་ཕྱོགས་བསྒྲིགས༼ལྷ་སའི་ལྷ་མོ།༽ཞེས་པ་རྒྱལ་ཡོངས་གཅིག་གྱུར་གྱིས་དངོས་སུ་འགྲེམ་སྤེལ་བྱས་ཏེ་དཔེ་ཚོང་ཁང་སོ་སོ་ནས་རྒྱུན་མཐུད་ཀྱིས་བཤམས་འཚོང་བྱེད་བཞིན་འདུག སྙན་རྩོམ་ཕྱོགས་བསྒྲིགས༼ལྷ་སའི་ལྷ་མོ།༽ལ་མོའི་སྙན་རྩོམ166ཙམ་བསྡུ་བསྒྲིགས་བྱས་ཤིང་བརྩེ་དུང་དང་མཛའ་གཅུགས། གཉེན་ཉེའི་བརྩེ་དུང་། ཡུལ་སྲོལ་དང་དེ་བཞིན་དད་སེམས། མངོན་སུམ་དང་མ་འོངས་པ་སོགས་ཀྱི་ཕྱོགས་སོ་སོ་ནས་དེང་རབས་བོད་རིགས་ཀྱི་ཕུགས་བསམ་དང་ཚེ་སྲོག་གནས་བབ་དང་། ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་རྩོམ་པ་པོས་བོད་ཀྱི་ཡུལ་ལུང་འདིར་བཅངས་པའི་བརྩེ་སེམས་མཚོན།། 
  • ལེ་ཚན་སྔོན་མ།:གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:བོད་ཀྱི་ལུས་རྩལ་བ་ཆོས་དབྱངས་སྐྱིད་ལི་ཡོའོ་ཨོ་རྩལ་འགྲན་ཚོགས་ལེགས་འདེམ་འགྲན་བསྡུར་དུ་ཞུགས་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།