ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་གནང་།

ཚེ་དཔལ་གྱིས་བསྒྱུར།    ཞིན་ཧྭ་དྲ་བ།    2016-02-22

ཞི་ཅིན་ཕིང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད་གནང་།

སྤྱི2ཟླ་ཚེས19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་གསར་འགྱུར་གླེང་ཕྱོགས་ལས་ཀའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀ་ནི་ཏང་གི་ལས་ཀ་གལ་ཆེན་ཞིག་སྟེ་རྒྱལ་སྐྱོང་སྲིད་འཛིན་དང་རྒྱལ་འབངས་བདེ་འགོད་ཀྱི་དོན་ཆེན་ཞིག་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་གནས་བབ་འཕེལ་རྒྱས་དང་བསྟུན་ནས་ཏང་གི་ཁྱོན་ཡོངས་ཀྱི་ལས་ཀར་དམིགས་ཏེ་ཁ་ཕྱོགས་གཏན་འཁེལ་བྱ་དགོས་ལ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་ལས་ཀའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གསར་འགྱུར་སྒྲོག་སྤེལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་བྱེད་ཕྱོགས་དང་ཐབས་ལམ་གསར་གཏོད་བྱེད་དགོས་པར་མ་ཟད། ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་སྒྲོག་སྤེལ་ནུས་ཤུགས་དང་ཁྲིད་སྟོན་ནུས་ཤུགས་དང་ཤན་ཞུགས་ནུས་ཤུགས། སྤྱི་རྟོན་ནུས་ཤུགས་བཅས་ཇེ་ཆེར་གཏང་དགོས་ཞེས་བསྟན།
  ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་ལས་ཀའི་འགན་ནུས་དང་ལས་འགན་ནི། དར་ཆ་མཐོན་པོར་བསྒྲེང་བ་དང་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་གཞུང་ལ་ཞབས་འདེགས་ཞུ་བ། མི་དམངས་ལ་མཐུན་སྒྲིལ་བྱེད་པ་དང་བརྩོན་སེམས་ཆེར་བསྐྱེད་པ།  སྲོལ་བཟང་ཡར་སྐུལ་དང་སེམས་ཤུགས་གཅིག་སྒྲིལ་བྱེད་པ། ཡིན་མིན་གསལ་འབྱེད་དང་བདེན་རྫུན་སོར་འབྱེད་བྱེད་པ། ཕྱི་ནང་མཉམ་འབྲེལ་དང་འཛམ་གླིང་ལ་འབྲེལ་འདྲིས་བྱེད་པ་བཅས་ཡིན་པས། འགན་ནུས་དང་ལས་འགན་འདི་ཕྲག་ཏུ་ཁུར་དགོས་ན། ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དེ་ཨང་དང་པོར་བཟུང་སྟེ་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བ་རྒྱུན་འཁྱོངས། ཡང་དག་པའི་གླེང་ཕྱོགས་ཁ་ཕྱོགས་རྒྱུན་འཁྱོངས། དྲང་ཕྱོགས་དྲིལ་སྒྲོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་ལྷོད་མེད་བཅས་བྱེད་དགོས་ཞེས་བསྟན།
  ཞིན་ཅིན་ཕིང་གིས་གནས་བབ་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་ཏང་གི་གསར་འགྱུར་གླེང་ཕྱོགས་ཀྱི་ལས་ཀའི་འདུ་ཤེས་དང་ནང་དོན། རྩོམ་ལུས། རྣམ་པ། ཐབས་ཤེས། བྱེད་ཐབས། ལས་རྣམ། ལམ་སྲོལ། སྒྲིག་ལུགས་བཅས་ངེས་པར་དུ་གསར་གཏོད་བྱས་ཏེ་དམིགས་འཛུགས་རང་བཞིན་དང་ཕན་ཕྱོད་རང་བཞིན་མཐོར་འདེགས་སུ་གཏང་དགོས། དམིགས་ཁྱད་ཅན་དང་བར་ཁྱད་ཅན་གྱི་དྲིལ་སྒྲོག་འཕེལ་རིམ་དང་བསྟུན་ཏེ་མགྱོག་མྱུར་སྒོས་རྣམ་པ་གསར་པའི་གླེང་ཕྱོགས་སྣེ་ཁྲིད་འཛུགས་བསྐྲུན་བྱ་དགོས་པར་མ་ཟད། མཉམ་སྦྱོར་ལ་སྐུལ་འདེད་གཏང་སྟེ་རང་འགུལ་སྒོས་འཕྲིན་སྦྱོར་གསར་པའི་སྒྲོག་སྤེལ་ཁྱད་ཆོས་ནང་འདྲེན་བྱ་དགོས་ཞེས་བསྟན།།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཞིན་ཧྭ་གསར་འགྱུར་ཁང་དུ་ཕེབས་ཏེ་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:མཚོ་བོད་ས་མཐོར་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་གངས་ཤུར་གློད་ས་སྐྲུན་རྩིས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།