བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཁག་དང་པོ་དངོས་སུ་ཤར་གཏོང་ཐུབ་པ།

    བོད་ལྗོངས་འཕྲིན་དྲ།    2016-01-22

སྤྱི་ཚེས18ཉིན།བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཁག་དང་པོའི་ཁྱབ་བསྒྲགས་མཛད་སྒོ་པེ་ཅིང་ཀོང་ཅིས་དགོན་ཀྲུང་གོ་ནང་བསྟན་མཐུན་ཚོགས་དུ་སྤེལ་བ་དང་།ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཞོལ་ཧྥང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཤིས་ཚེག་སྒྲོན་གནང་བ་རེད།སྤྲུལ་སྐུ་འཚོལ་བཤེར་མ་ལག་ཐོག་ཁག་དང་པོར་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ870ཆ་འཕྲིན་ཁྱབ་བསྒྲགས་བྱས་ཡོད།དེ་ནི་རྒྱལ་ནང་གི་ཆོས་དོན་མི་སྣའི་ཐོབ་ཐང་ཆ་འཕྲིན་དྲ་སྦྲེལ་ཐོག་འཚོལ་བཤེར་ཐུབ་ཐེངས་དང་པོ་ཡིན།སྤྲུལ་སྐུའི་ཆ་འཕྲིན་འཚོལ་བཤེར་ཞབས་ཞུའི་མ་ལག་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་དྲ་ཚིགས་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དྲ་ཚིགས།ཀྲུང་གོའི་བོད་ལྗོངས་དྲ་བ་བཅས་ཀྱི་ཐོག་དུས་གཅིག་ཏུ་ཤར་གཏོང་བྱས་ཡོད།
ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ།ནག་ཆུ་ཞབས་གདན་དགོན་པའི་སྤྲུལ་སྐུ་སྒྲུབ་ཁང་སྐུ་ཕྲེང་བདུན་པ་ཐུབ་བསྟན་མཁས་གྲུབ་མཆོག་ནས།  འཚོལ་བཤེར་མ་ལག་ཤར་གཏོང་བྱུང་བ་དེ་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ལས་དོན་ཡོངས་བསྒྲགས་ལ་སྐུལ་འདེད་དང་།  སྔར་ལས་ལྷག་པའི་སྒོ་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ཚད་ལྡན་ཡོང་རྒྱུའི་གལ་ཆེའི་བྱ་ཐབས་ཤིག་ཡིན།  ཉེ་བའི་ལོའི་ནང་།  མི་རེ་འགས་བོད་ཁུལ་དང་ནང་སར་སྤྲུལ་སྐུར་རྫུས་ནས་མགོ་སྐོར་གཏོང་བ་དང་དད་ལྡན་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བ།  བོད་བརྒྱུད་ནང་བསྟན་དང་སྤྲུལ་སྐུར་མཚན་ཤས་བཟོ་བགྱི་ཡོད།  ད་ཆ་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་ཐུབ་པས་སྤྲུལ་སྐུའི་ཆ་འཕྲིན་ཡོད་མེད་ལས་བདེན་རྫུན་དབྱེ་བ་ཆོད་དེ།  སྔར་ལས་ལྷག་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐུབ་རྒྱུར་ཕན་འབྲས་ཐོན་རྒྱུ་ཡིན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་བོད་བརྒྱུད་ནང་བསྟན་དང་སྤྲུལ་སྐུར་ཤེས་རྟོགས་ཡོང་རྒྱུར་ཡང་ཕན་འབྲས་བཟང་པོ་ཐོན་རྒྱུ་རེད།  ང་རང་སྤྲུལ་སྐུ་ཞིག་གི་ངོས་ནས་བརྗོད་ན་སེམས་ནང་དགའ་བ་དཔག་མེད་བྱུང་ཅེས་གསུངས།
  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨེ་ཅིབ་རྒྱལ་ཁབ་ཀྱི་སྲིད་འཛིན་སེ་ཞི་དང་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་སོ་ཏི་ཨ་རབ་དང་ཨེ་ཅིབ། དབྱི་ལང་བཅས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།
  • དོ་སྣང་ཆེ་བའི་རྩོམ།