ན་ནིང་སི་ཁྲོན་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར658.6ཟིན།

        2016-01-15

2015ལོར། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་གྱིས་མི་ཐེངས་དུང་ཕྱུར2.5སྣེ་ལེན་བྱས་ཤིང་། ཐད་ཀའི་ཡོང་འབབ་སྒོར་དུང་ཕྱུར685.6ཟིན། དུས་མཚུངས་འཕར་ཚད་10%ཟིན།ན་ནིང་། རང་རེའི་ཞིང་ཆེན་གྱིས་ནགས་ཚལ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོང་ས་ཁུལ། བརླན་ས་དང་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་སྤུས་རྟགས་ཆེན་པོ་བཞི་ལ་བརྟེན་ཏེ་མུ་མཐུད་དུ་སྐྱེ་ཁམས་ཡུལ་སྐོར་གྱི་གོང་འཕེལ་ལ་ཤུགས་སྣོན་བྱས། ལོ་ཧྲིལ་བོར། ཡུལ་ཤོག་དང་གྲོང་སྡེའི་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར459.7ཟིན་ལ། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་ཀྱི་བཅུ་ཆའི་བདུན་ཙམ་སྔར་བཞིན་ཟིན་ཡོད།
ཞིང་ཆེན་ནགས་ལས་ཐིང་གི་འབྲེལ་ཡོད་འགན་འཁུར་བས། མ་འོངས་བར་རང་རེའི་ཞིང་ཆེན་གྱིས་ནགས་ཚལ་སྤྱི་གླིང་གསར་སྤེལ་དང་ལོ་མ་དམར་པོའི་ཐོན་ཁུངས་གཅིག་བསྡུ་བྱེད་པའི་སྟེང་ཤུགས་འདོན་ཏེ་སྔར་ལས་ལེགས་པར་སྐྱེས་ཁམས་ཡུལ་སྐོར་ཐོན་ལས་གཏིང་ཟབ་ཏུ་འཕེལ་རྒྱས་གཏང་བར་སྐུལ་འདེད་གཏང་དགོས།།
  • ལེ་ཚན་སྔོན་མ།:སོན་གསར་གྱི《གཞི་རིམ་སློབ་གསོ་ལེགས་པར་བཅོས་ཐབས》འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ན་ནིང་སི་ཁྲོན་གྱི་སྤྲོ་གསེང་ཞིང་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་སྟོང་ཕྲག་ལས་བརྒལ་ཏེ་གཞི་ཁྱོན་དང་ཕན་འབྲས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས།
  • དོ་སྣང་ཆེ་བའི་རྩོམ།