མཚོ་སྔོན་པོ་དྲ་བ། 2016-01-12
	
	ཆེས་ཐོག་མའི《བོད་ཀྱི་མཛེས་རྩལ》དུས་དེབ།
	  ཉེ་ཆར། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཞིབ་འཇུག་སློབ་མ་སྐོར་ཞིག་གིས2015ལོར་གཙོ་སྒྲུབ་བྱས་པའི《བོད་ཀྱི་མཛེས་རྩལ》དུས་དེབ་འདོན་ཐེངས་དང་པོ་འགྲེམ་སྤེལ་བྱས། དུས་དེབ་འདི་ལས་ཁྱེད་ལ་གཞན་དང་མ་འདྲ་བའི་ཚོར་བ་སྣ་ཚོགས་ཤིག་འཁྱེར་ཡོང་ངེས་ལ། ནང་དོན་གྱི་ཐད་ལ་མི་སྣ་ངོ་སྤྲོད། སློབ་གླིང་གཙོ་གྲས། མཛེས་རིས་གླེང་སྟེགས། མཛེས་རྩལ་འཕྲིན་གསར། དྲ་ལམ་གླེང་བརྗོད། ཚོགས་པའི་འཚོ་བ། འགྲེམས་སྟོན་ཚོམས་ཆེན། རིག་པའི་མྱུ་གུ། སྒྱུ་རྩལ་པས་སྒྱུ་རྩལ་གླེང་བ། མཛེས་རྩལ་ཡིག་ཚགས་སོགས་རྣམ་གྲངས་བཅུའི་སྒོ་ནས་བོད་པའི་མཛེས་རིས་ཀྱི་ཉིང་བཅུད་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བའི་ཚུལ་གྱིས་ཀུན་ལ་སྒྱུ་རྩལ་གྱི་གནས་སྟངས་མི་འདྲ་བ་ཞིག་གསལ་བཤད་བྱས་ཡོད།
	  《བོད་ཀྱི་མཛེས་རྩལ》ཞེས་པའི་དུས་དེབ་འདི་ནི་མིག་སྔར་བོད་ཁུལ་གྱི་ཆེས་ཐོག་མའི་མཛེས་རྩལ་སྐོར་གྱི་དུས་དེབ་ཉག་ཅིག་ཡིན་ཞིང་། 2014ལོའི་ཟླ9བ་ནས་མགོ་ཚུགས་ཏེ་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་སྟག་ལྷ་ཚེ་བརྟན་གྱི་སྣེ་ཁྲིད་འོག་ཞིབ་འཇུག་སློབ་མ་སྐོར་ཞིག་གིས་བོད་ཁུལ་གྱི་རི་མོའི་ལས་སུ་གཞོལ་བའི་སྒྱུ་རྩལ་པ་དག་གི་བརྩམས་ཆོས་བསྡུ་སྒྲིག་དང་རྩོམ་སྒྲིག་གི་ལས་སུ་བྲེལ་ཞིང2015ལོའི་ཟླ12པའི་ཟླ་སྨད་དུ་པར་སྐྲུན་ཡོངས་སུ་འགྲུབ། ཉེ་ཆར་བོད་ཁུལ་གྱི་ས་གནས་སོ་སོར་འགྲེམ་སྤེལ་བྱེད་དང་བྱེད་མུས་སུ་ཡོད།
	 
 དོ་སྣང་ཆེ་བའི་རྩོམ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་།
 རྫ་སྨུག་མཁར་གྱི་མཛེས་དཔལ་ཉམས་སུ་མྱོང་། སླར་མཇལ་བ།
 སླར་མཇལ་བ། དུར་ཁྲོད་འོག་གི་དྲན་པ།
 དུར་ཁྲོད་འོག་གི་དྲན་པ། མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར།
 མཐོ་རྒྱུགས་ལ་སྦྱར་བའི་མགུར་མ་དགུ་སེང་དྲུག་འགྱུར། ཨ་ཕ་དང་ལུག་ཁྱུ།
 ཨ་ཕ་དང་ལུག་ཁྱུ། ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ།
 ༄༅།།ཤིང་ཏོག་གི་དྲི་ཞིམ་ཁྲོད་ཀྱི་བོད་ཁང་དམར་པོ། གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས
 གསར་བརྗེ་རིག་གནས་རྒྱུད་འཛིན་གྱིས།། ཆོས་ལུགས་ཡར་རྒྱས ཁུ་བྱུག
 ཁུ་བྱུག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས
 ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ
 ལྷ་སར2021ལོའི“ལྷ་མོའི་ཟློས་གར་འཁྲབ་སྟོན་དུས་ཚིགས”སྤེ