ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས།

        2016-01-05

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས2015ལོའི་ཟླ་བ12པའི་ཚེས29ཉིན་གློག་འཕྲིན་འབྱོར་གསལ། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་བ12པའི་ཚེས28ནས29ཉིན་བར་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཏེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སློབ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ། ཇུས་འགོད་དྲང་པོ། ལས་ཀ་དྲང་པོ། མི་དྲང་པོ་བཅས་སྣེ་ཁྲིད་དེ་ལག་ལེན་བྱ་དགོས་པའི་བླང་བྱར་གཞིགས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་དོན་དངོས་དང་ཟུང་འབྲེལ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་རང་ངོས་ནས་ལག་ལེན་བསྟར་བའི་དོན་དངོས་དང་ཟུང་འབྲེལ། ནང་མི་བུ་ཕྲུག་དང་སོ་སོའི་འཁྲིས་ཀྱི་ལས་དོན་མི་སྣར་སློབ་གསོ་དོ་དམ་ནན་པོ་བྱེད་པའི་དོན་དངོས་དང་ཟུང་འབྲེལ། ཀྲོའུ་ཡུང་ཁང་དང་། པོ་ཤིས་ལའེ། ཞུས་ཚའེ་ཧའུ། ཀུའོ་པོ་ཞུང་། ལིང་ཅི་ཧྭ་སོགས་གྱོད་གཞིའི་བསླབ་བྱ་གཏིང་ཟབ་དང་ཟུང་འབྲེལ་བཅས་བྱས་ཏེ་ཏང་གཤིས་དབྱེ་ཞིབ་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལག་ལེན་ཕྱོགས་སྡོམ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་ཐབས་ཞིབ་འཇུག་བཅས་བྱས་པ་རེད།
   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
        ཚོགས་འདུའི་ཐོག་ང་ཚོའི་ཏང་ནི་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་མཐའ་འཁྱོངས་བྱེད་མཁན་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པས་ངེས་པར་དུ་སྤྱོད་ཚུལ་བཟང་པོ་འཛུགས་པ་དང་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱ་དགོས། ང་ཚོའི་ཏང་ལ་དུས་ཡུན་རིང་པོའི་ནང་བཞག་པའི་ཆབ་སྲིད་ཀྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་ཡོད། དེ་ནི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལེགས་ཆ་ཆེན་པོ་ཞིག་རེད། དུས་རབས་གཅིག་ཙམ་རིང་ང་ཚོའི་ཏང་གི་འབད་འཐབ་བརྒྱུད་རིམ་ཐོག་ནས་སྤྱོད་ཚུལ་འཛུགས་སྐྱོང་དེ་ནམ་ཡང་བྱེད་བཞིན་ཡོད་པ་དང་རུལ་རྒོལ་གཙང་སྤེལ་འཛུགས་སྐྱོང་ནམ་ཡང་བྱེད་བཞིན་ཡོད་པས་ངེས་པར་དུ་རྟག་ཏུ་དམ་འཛིན་བྱས་ནས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བའི་ངོས་འཛིན་བྱེད་ཀྱི་ཡོད།
 ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་སྐབས་གསར་པ་འགོ་ཚུགས་མ་ཐག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལག་བསྟར་དམ་འཛིན་ནན་པོ་བྱས་ནས་བསྟུད་མར་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཏེ་ལས་དོན་ཏན་ཏིག་ཡིན་པ་དང་ཕན་འབྲས་མངོན་གསལ་དོད་པོ་རེད། དེའི་ཁྱད་ཆོས་མངོན་གསལ་དོད་ཤོས་ནི་གཙོ་གནད་མངོན་གསལ་དོད་པོ་བྱས་ནས་གནད་འགག་དང་འགག་རྩ་དམ་འཛིན་བྱེད་པ་དང་། མི་འདང་ས་འཕྱུགས་པ་མེད་པ་འཚོལ་བ། འབེན་ལ་འཕྱུགས་མེད་འཕེན་པ་བཅས་བྱུང་བ་དང་། ཀྲུང་དབྱང་ནས་འགོ་ཚུགས་པ་དང་འགོ་ཁྲིད་ཀྱིས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ནས་གོང་གིས་འོག་ལ་སྣེ་ཁྲིད་དང་རིམ་པ་བཞིན་ཚད་གཞི་བཟོ་བ་དང་དཔེ་འདོན་པ། བྱ་བ་དང་མི་སྣ་འཕྲད་སྐབས་བསམ་བློའི་སྣེ་ཁྲིད་ལ་དམ་འཛིན་བྱེད་པར་མ་ཟད་བྱ་སྤྱོད་ཚད་ལྡན་ཡོང་བ་བྱས་ནས་རྣམ་པ་ཙམ་མི་བྱེད་པ། གོང་འོག་མཉམ་སྒུལ་བྱས་ནས་རྩ་འཛུགས་ཀྱི་དོ་དམ་དང་མང་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་པ་སྟོབས་ཆེན་ཞིག་ཆགས་པ་བྱས་ཡོད། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བཏང་ནས་དཔེ་མཚོན་གྱི་གྱོད་གཞི་ཐག་གཅོད་ནན་པོ་དང་དམར་རྗེན་དུ་བཏོན་ནས་དམ་བསྒྲགས་རྣམ་པ་ཞིག་ཆགས་པ་དང་། ཚད་གཞི་དང་རྣམ་པ་ནན་པོ་ཞིག་ཆགས་ཡོད།མདུན་དུ་སྐྱོད་པ་ལས་མཚམས་འཇོག་མི་བྱེད་པ། བརྒྱུད་རིམ་རིམ་པ་བཞིན་དམ་འཛིན་དང་དམ་འཛིན་ལྷོད་མེད་བྱས་ཏེ་ཕུགས་ཕན་ནང་རྐྱེན་ཧུར་ཐག་ཆགས་པ་བྱས་ཡོད་ཅེས་ངོས་འཛིན་བྱས་པ་རེད།
 ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འབད་འཐབ་ཧུར་ཐག་བྱས་པ་བརྒྱུད་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ཐད་ཏང་ཡོངས་ཀྱི་ངོས་འཛིན་དེ་བས་གཏིང་ཟབ་ཏུ་ཕྱིན་ནས་སྤྱོད་ཚུལ་ལ་དམ་འཛིན་དང་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བའི་རང་རྟོགས་རང་བཞིན་ཡོངས་ཁྱབ་ཏུ་ཇེ་དྲག་སོང་ཡོད། དུས་བབ་གསར་པའི་འོག་རིམ་ཁག་ཏང་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཐད་གཙོ་གནད་དུ་གང་ཞིག་ལ་དམ་འཛིན་བྱ་དགོས་པ་དང་དམ་འཛིན་ཇི་ལྟར་བྱ་དགོས་པའི་ངོས་འཛིན་དེ་བས་གསལ་དུ་ཕྱིན་པ་དང་། གཅིག་སྡུད་སློབ་གསོ་དང་རྒྱུན་གཏན་རང་བཞིན་གྱི་སློབ་གསོར་ཐབས་ལམ་གསར་པ་ཡོད་པ་དང་། ཉམས་མྱོང་གསར་པ་བསགས་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། བག་མེད་ལོངས་སྤྱོད་བཅས་བཅོས་སྒྲིག་ནུས་ལྡན་བྱུང་བ་དང་། འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ་ནན་མིན་དྲང་མིན་གྱི་གནད་དོན་ཐག་གཅོད་རགས་ཙམ་བྱུང་བ། “སྟག”“སྦྲང”འབོར་ཆེན་ཞིག་ཏང་སྒྲིག་རྒྱལ་ཁྲིམས་ཀྱི་དྲ་བར་བཅུག་པ་བཅས་ལ་བརྟེན་རུལ་སུངས་བྱེད་མི་ཕོད་པའི་རྣམ་པ་སྤྱིར་ན་ཆགས་པ་དང་། རུལ་སུངས་བྱེད་མི་ནུས་པ་དང་རུལ་སུངས་བྱེད་མི་འདོད་པའི་ལས་དོན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལམ་ལུགས་དང་ཁྲིམས་སྲོལ་དེ་བས་གཏིང་ཟབ་ཏུ་ཕྱིན་པ་དང་ལམ་ལུགས་ཀྱི“རླུང་ཙེ”དེ་བས་བཙན་དུ་ཕྱིན་ནས་ལམ་ལུགས་ལག་ལེན་བསྟར་ནུས་དང་སྒྲིག་ལམ་གྱི་གཅུན་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་མ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་མ་ཐེབས་ཡོད།
 ཚོགས་འདུའི་ཐོག་བསྟན་དོན། འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་། ཏང་གི་སྲོལ་རྒྱུན་བཟང་པོ་དང་སྤྱོད་ཚུལ་སླར་གསོ་དང་དར་སྤེལ་གཏོང་བའི་ལས་འགན་ད་དུང་ལྕི་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་གནད་དོན་བསྐྱར་ཐོན་བཀག་འགོག་བྱེད་པའི་ལས་འགན་ད་དུང་ལྕི་བ།
 ཏང་ནང་ཁུལ་གྱི་སྤྱོད་ཚུལ་ཐོག་གི་རྟིང་རྩའི་གནད་དོན་ཐག་གཅོད་བྱེད་པའི་ལས་འགན་ད་དུང་ཧ་ཅང་ལྕི་པོ་ཡོད། “སྤྱོད་ཚུལ་བཞིར”ངོ་རྒོལ་དང་། ཏང་སྲོལ་དྲང་གཏོང་། རུལ་སུངས་ལ་ངོ་རྒོལ། སྤྱོད་གཙང་དར་སྤེལ་བཅས་ཀྱི་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་དམ་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པ་དང་དམ་འཛིན་ལྷོད་མེད་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལོ་རྒྱུས་ཀྱི་ཉམས་མྱོང་དང་ཉམས་མྱོང་གསར་པ་རྒྱུན་གཏན་རང་བཞིན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཁྲོད་བེད་སྤྱོད་གཏིང་ཟབ་བྱས་ནས་ཚད་གཞི་དམའ་རུ་མི་གཏོང་བ་དང་། བླང་བྱ་ལྷུག་ཏུ་མི་གཏོང་བ། བྱེད་ཐབས་ཉུང་དུ་མི་གཏོང་བ་བཅས་བྱེད་ཐུབ་པ་བྱ་དགོས། ཏང་སྲོལ་སྲིད་གཙང་གི་གནད་དོན་གསར་པ་དང་འགྱུར་ལྡོག་གསར་པར་དམ་འཛིན་ནན་པོ་བྱས་ནས་གནད་དོན་གྱི་འབྱུང་གཞི་དང་རིམ་འགྱུར་གྱི་རྣམ་པ་གསལ་པོར་བཟོ་བ་དང་། དུས་ཐོག་ཏུ་ཁ་གཏད་གཅོག་པའི་བྱེད་ཐབས་ཀྱི་རྗེས་སུ་སྙེག་ནས་གནས་ཚུལ་ཁོང་དུ་ཆུད་ཚད་རྟུལ་པོ་མི་བྱེད་པ་དང་། གནད་དོན་ཐག་གཅོད་ནར་འགྱངས་མི་བྱེད་པ། འགལ་ཟླ་གསོག་འཇོག་མི་བྱེད་པ་བཅས་བྱ་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དེ་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ནང་ཁྱབ་པར་བྱས་ཏེ“སྤྱོད་ཚུལ་བཞིའི”གནད་དོན་དང་འགོ་ཁྲིད་ལས་བྱེད་པའི་མི་ནན་མི་དྲང་གི་གནད་དོན་ཐག་གཅོད་བྱས་ཏེ་བསམ་བློའི་སྤྱོད་ཚུལ་དང་། སློབ་སྲོལ། ལས་ཀའི་སྤྱོད་ཚུལ། འགོ་ཁྲིད་ཀྱི་སྤྱོད་ཚུལ། ལས་བྱེད་པའི་འཚོ་བའི་སྤྱོད་ཚུལ་བཅས་ལེགས་སུ་ཧུར་ཐག་བཏང་ནས་ཏང་གི་སྤྱོད་ཚུལ་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་ཐུབ་པ་བྱེད་དགོས།
  ཚོགས་འདུའི་ཐོག“ནན་གསུམ་དྲང་གསུམ”ཆེད་དོན་སློབ་གསོར་ཁས་ལེན་བྱས་ཤིང་། ད་རེས་ཀྱི་ཆེད་དོན་སློབ་གསོས“ནན་གསུམ་དྲང་གསུམ”ལ་དམིགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོར་བཞག་སྟེ་བསམ་བློ་དང་། སྤྱོད་ཚུལ། ཏང་གཤིས་བཅས་ཀྱི་ཐད་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར“ཀེ་གསབ”དང“སྣུམ་སྣོན”གཅིག་སྡུད་ཐོག་སླར་ཡང་ཐེངས་གཅིག་བྱས་པ་དང་། ལྷག་པར་དུ་ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་གྱི་རྩ་བ་དེར་དམ་པོར་བཟུང་བས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་ཁ་ཕྱོགས་དེ་བས་གསལ་པོ་བྱུང་བའི་ངོས་འཛིན་བྱས་པ་དང་། ཚོགས་འདུའི་ཐོག་སྔ་ཕྱི་བར་གསུམ་དུ་ཆེད་དོན་སློབ་གསོའི་དུས་མཚམས་རྗེས་མའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཁ་ཕྱོགས་ཁ་ལོ་སྒྱུར་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གཅིག་འདོམས་བཀོད་སྒྲིག རྒྱལ་ཁབ་ཕྱི་ནང་གི་འགལ་བ་དང་ཉེན་ཁ་ཆེན་པོར་ཁ་གཏད་གཅོག་རྒྱུ་སྒྲིག་འཛུགས་བྱེད་པ་བཅས་ཀྱི་འགན་འཁྲི་ལྕི་པོ་འཁུར་བས“ནན་གསུམ་དྲང་གསུམ”གྱི་མིག་དཔེར་འགྱུར་བ་བྱ་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱི་གཏམ་གླེང་དང་བྱ་སྤྱོད་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་དང་། མི་དམངས་ཀྱི་བྱ་བ། ཁྱོན་ཡོངས་ཀྱི་བྱ་བ་བཅས་ཡིན་པ་ལས་མི་སྒེར་གྱི་བྱ་བ་མིན་པར་བརྟེན་ངེས་པར་དུ་ཏང་གི་སྒྲིག་ཡིག་ལ་དཔེ་བཟང་གི་སྒོ་ནས་བརྩི་སྲུང་ཞུ་བ་དང“ནན་གསུམ་དྲང་གསུམ”ཐད་ཚད་གཞི་དེ་བས་མཐོན་པོ་བྱས་ནས་ཆུ་ཚད་མཐོ་བའི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་ཞིག་ཏུ་འགྱུར་བ་བྱ་དགོས་པའི་ནན་བཤད་བྱས་ཡོད།
  ཞིས་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ལག་ལེན་བྱེད་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚང་མའི་ཞིབ་བསྡུར་སྐྱོན་བཤེར་གྱི་གཏམ་བཤད་ལ་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལ་ཇུས་ཤུགས་མཉམ་འདོན་གྱིས་ལེགས་སུ་གཏོང་དགོས། ད་རེས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོགས་པ་དང་ཚང་མས་ངོས་འཛིན་གླེང་བ་དང་། མྱོང་ཚོར་ཤོད་པ། གནད་དོན་འདོན་པ། མི་འདང་ས་བཤེར་བ། ཐབས་ཇུས་འདོན་པ། བྱེད་ཐབས་གླེང་བ་བཅས་ལ་བརྟེན་བསམ་གཞིག་དང་ཚོར་སྣང་གི་བློ་སྒོ་ཕྱེ་ཡོད། བསམ་འཆར་དང་གྲོས་འགོ་མང་པོ་ཞིག་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་མཛུབ་བསྟན་གནང་བ་རེད།
  ཚོགས་འདུའི་ཐོག་ཀྲོའུ་ཡུང་ཁང་དང་། པོ་ཤིས་ལའེ། ཞུས་ཚའེ་ཧའུ། ཀུའོ་པོ་ཞུང་། ལིང་ཅི་ཧྭ་སོགས་ཀྱི་བྱེད་ལུགས་བྱེད་སྟངས་ཐོག་ནས་ཏང་ཡོན་ཞིག་གི་ཏང་གཤིས་ནི་ཏང་ཞུགས་ལོ་གྲངས་དང་གོ་གནས་མཐོ་རུ་འགྲོ་བ་དང་ཆབས་ཅིག་རང་བཞིན་ངང་མཐོ་རུ་འགྲོ་བ་ཞིག་མིན་པ་དང་བློ་སྦྱོང་དང་སྦྱོང་བརྡར་ལ་ཤུགས་སྣོན་མ་བརྒྱབ་ན་ཏང་གཤིས་མཐོ་རུ་མི་འགྲོ་བར་དེ་ལས་ལྡོག་སྟེ་དམའ་རུ་དང་ཐ་ན་ཉམས་སྲིད་པ་གསལ་བཤད་བྱུང་ཡོད། ང་ཚོའི་ཏང་གིས་ཁོ་པ་ཚོར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་ནི་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་འགན་འཁུར་བ་ཞིག་ཡིན་པར་མ་ཟད་ལོ་རྒྱུས་ལ་འགན་འཁུར་བ་ཞིག་ཀྱང་རེད། བསླབ་བྱ་གཏིང་ཟབ་བླངས་ནས“ནན་གསུམ་དྲང་གསུམ་”ལག་ལེན་བསྟར་བའི་ཐད་གནས་བབ་འཕྱུགས་མེད་དང་ཚད་གཞི་མཐོ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་ཀྱི་མངགས་བཅོལ་ལྕི་པོ་ཆུད་ཟོས་སུ་མི་འགྲོ་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་།
  • ལེ་ཚན་རྗེས་མ།:ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2016ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས།
  • དོ་སྣང་ཆེ་བའི་རྩོམ།