ཝང་ཏུང་མིང་གིས་སི་ཁྲོན་ཞིང་ཆེན་གྱི་དབུལ་བྲལ་འགག་སྒྲོལ་ཚོགས་ཆེན་ཐོག་ཏུ་གསུང་བཤད་གནང་།

ལྷ་འཛོམས་དང་དབྱངས་ཅན་གྱིས་བསྒྱུར།        2016-01-05

ཝང་ཏུང་མིང་གིས་ནན་གསུང་གནང་དོན། ཚན་པ་གཅིག་ཅན་ལྔ་ཡི་བྱ་སྤྱོད་འཆར་གཞི་ལ་སྐུལ་འདེད་གཏང་དགོས་ན་སྡེ་ཁུལ་ཆེན་པོ་བཞི་དང་།ལོ་དེར་དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་སྡེའི་ཞྭ་མོ་ཕུད་རྒྱུ་དང་དབུལ་བྲལ་ཐུབ་པའི་འཆར་གཞི་ཡོད་པའི་དབུལ་ཕོངས་དུད་ཚང་ལ་དམིགས་ནས། ནུས་ཤུགས་གཅིག་བསྡུས་བྱས་ཏེ་མངོན་གསལ་གྱི་གནད་དོན་ཐག་གཅོད་བྱེད་པ་དང་ཆབས་ཅིག གཅིག་གྱུར་གྱིས་སྣོལ་བསྲེས་རང་བཞིན་གྱི་དབུལ་ཕོངས་གནད་དོན་ཐག་གཅོད་ཡག་པོ་བྱ་དགོས་པ་དང་། ས་གནས་ཁག་གི་སྡེ་ཁག་སོ་སོས་གསར་གཏོད་རང་བཞིན་གྱི་ལས་ཀ་སྤེལ་ནས་རང་འགུལ་གྱིས་བྱས་རྗེས་བསྐྲུན་དགོས་པ་དང་། སྒུག་རྟེན་གྱི་བསམ་ཚུལ་དོར་ནས་རང་རྟོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་ཞིབ་བསྡུར་བྱས་ཏེ། སྔར་ལས་ལྷག་པར་དབུལ་སྐྱོར་ལས་ཀའི་འཆར་འགོད་དང་ལོ་འཁོར་འཆར་གཞི་འཐུས་ཚང་བཏང་ཏེ་དམིགས་ཡུལ་དང་། ལྟ་ཞིབ།དཔྱད་ཞིབ། འགན་འཁྲི་བདའ་འདེད་བྱ་རྒྱུ་དང་། གནས་ཡུལ་གཏན་འཁེལ་བྱས་ཏེ་དབུལ་སྐྱོར་བྱ་རྒྱུ་དང་ཁ་གཏད་རོགས་སྐྱོར་གྱི་ལས་ཀ་ཟབ་ཏུ་སྤེལ་ནས་སྤྱི་ཚོགས་ཡོངས་ཀྱི་མི་སྣ་ཚང་མ་ཡོངས་ཁྱབ་ཏུ་ཞུགས་ཐུབ་པར་སྐུལ་མ་གཏོང་བ་དང་། དབུལ་ཕོངས་མང་ཚོགས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱ་རྒྱུར་ཁྲིད་སྟོན་བྱེད་ཅིང་། ལས་ལ་བརྩོན་ནས་རྗེས་ལུས་ཀྱི་རྣམ་པ་འཕོ་འགྱུར་བཏང་ཏེ་བདེ་སྐྱིད་ཀྱི་འཚོ་བ་གསར་དུ་སྐྲུན་ཐུབ་པ་བྱ་དགོས།
  ཝང་ཏུང་མིང་གིས་ནན་གསུང་གནང་དོན། རིམ་པ་ཁག་གི་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚོས་ནུས་ཤུགས་ཡོད་དགུ་བཏོན་ནས་དབུལ་བྲལ་འགག་སྒྲོལ་ཐུབ་པ་བྱས་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་ལེན་བྱས་པའི་བརྗིད་ཉམས་ལྡན་པའི་བྱ་བར་ཁ་ཐོག་ལག་བསྟར་བྱ་དགོས། དབུལ་ཕོངས་འགག་སྒྲོལ་གྱི་ལས་ཀར་དམིགས་ནས་མི་སྣ་བསྐོ་བཞག་བྱེད་པ་དང་། རིམ་པ་ཁག་གིས་འགོ་ཁྲིད་ཚོ་ཆུང་འཛུགས་གཉེར་བྱ་རྒྱུར་དམ་འཛིན་དང་རིམ་པ་ཁག་གི་དབུལ་སྐྱོར་ལས་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། དབུལ་བྲལ་འགག་སྒྲོལ་གྱི་ལས་གྲྭ་དང་པོའི་ལས་བྱེད་པ་དཔྱད་ཞིབ་དང་དབྱེ་འབྱེད་བྱ་རྒྱུར་དོ་སྣང་བྱ་དགོས། འགན་འཁྲི་ཁུར་སེམས་ཆེན་པོ་དང་ནན་གསུམ་རྣལ་གསུམ་གྱི་སྙིང་དོན་འཛིན་ནས་དབུལ་སྐྱོར་གསར་སྦོལ་གྱི་ལས་ཀའི་ནང་ཞུགས་ནས། ལས་ཀ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ཐུབ་པར་ཁག་ཐེག་བྱ་དགོས། དོན་དངོས་དང་ནན་པོའི་སྒོ་ནས་ལྟ་ཞིབ་བྱེད་ཅིང་ལོ་འཁོར་གྱི་དབུལ་བྲལ་འགག་སྒྲོལ་གྱི་སྙན་ཞུ་དང་ལྟ་ཞིབ་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་པ་བཞིན་དུ་འགན་འཁྲི་ནན་པོ་བསྒྲུབ་དགོས།
  གྲོས་ཚོགས་འདི་བརྙན་འཕྲིན་དང་ཁ་པར་གྱི་བྱེད་སྟངས་བརྒྱུད་ནས(ཁུལ)དང་རྫོང(གྲོང་ཁྱེར། ས་ཁུལ། ) སོགས་ལ་ཁེབས་ཐུབ་པ་བྱས་ཡོད།
  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དབུ་ཁྲིད་དང་། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། དྲག་ཆས་ཉེན་རྟོགས་སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་བ། གྲོང་ཁྱེར་སོ་སོའི་ཏང་སྲིད་ཀྱི་འགན་ཁུར་མི་སྣ་གཙོ་བོ། ཞིང་ཆེན་ཐད་གཏོགས་སྡེ་ཁག(སྡེ་ཚན)དང་ཀྲུང་དབྱང་གི་ཞིང་ཆེན་དུ་ཡོད་པའི་སྡེ་ཚན། ཚན་རྩལ་ཞིབ་འཇུག་ཁང་། མཐོ་རིམ་སློབ་གྲྭ། རྒྱལ་དབང་ཁེ་ལས་ཀྱི་འགན་ཁུར་མི་སྣ་སོགས་ཚོགས་ར་གཙོ་བོའི་གྲོས་ཚོགས་ནང་ཞུགས་པ་རེད།།
  • ལེ་ཚན་སྔོན་མ།:ཀྲུའུ་ཞི་ཞིས་ཅིན་ཕིང་གིས་2016ལོའི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག་གསུངས།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།